编曲 : 极地音符发布
གླུ་ཞིག་ལེན།
ཚེག། ཚེ་སྐྱིད་སྒྲོལ་དཀར།
གདངས། ཚེ་རིང་འགྱུར་མེད།
ལེན་མཁན། ཚེ་སྐྱིད་སྒྲོལ་དཀར།
དྲྭ་ཐོག་སྒྲིག་བཟོ། མཐོ་སྒང་གི་དབྱངས་རྟ།
གངས་དཀར་པོའི་འགྲམ་ནས་གླུ་ཞིག་ལེན།
གངས་དཀར་པོ་ཆུ་ཡི་འབྱུང་ཁུངས་ཡིན།
ཆུ་མེད་ན་འཛམ་གླིང་སྟོང་ལྷང་ལྷང་།
ཁྱེད་མི་འགྱུར་གཏན་དུ་གནས་པ་ཤོག།
ཁྱེད་མི་འགྱུར་གཏན་དུ་གནས་པར་ཤོག།
དབུས་ལྷ་ས་གཞུང་ནས་གླུ་ཞིག་ལེན།
དབུས་ཇོ་ཤག་རྣམ་གསུམ་ཕྱོགས་ལ་ཕུལ།
ཁྱེད་རྣམ་གསུམ་མེད་ན་སྟོང་ལྷང་ལྷང་།
ཁྱེད་མི་འགྱུར་གཏན་དུ་གནས་པ་ཤོག།
ཁྱེད་མི་འགྱུར་གཏན་དུ་གནས་པར་ཤོག།
དྲིན་ཕ་མའི་ཕྱོགས་ལ་གླུ་ཞིག་ལེན།
དྲིན་ཕ་མ་བུ་མོའི་སྙིང་ནོར་ཡིན།
དྲིན་ཕ་མ་མེད་ན་སྟོང་ལྷང་ལྷང་།
དྲིན་ཕ་མའི་སྐུ་ཚེ་བརྟན་པར་ཤོག།
དྲིན་ཕ་མའི་སྐུ་ཚེ་བརྟན་པར་ཤོག།
མཐའ་གངས་རི་བསྐོར་བའི་ཞིང་ཁམས་འདི།
སྨད་བུ་མོ་ང་ཡི་ཕ་ཡུལ་ཡིན།
གསུང་སྙན་པོའི་མཆོད་པ་འབུལ་ས་ཡིན།
སྐྱེས་ཕོ་མོའི་བྲོ་གར་འཁྲབ་ས་ཡིན།
སྐྱེས་ཕོ་མོའི་བྲོ་གར་འཁྲབ་ས་ཡིན།
མཐའ་གངས་རི་བསྐོར་བའི་ཞིང་ཁམས་འདི།
སྨད་བུ་མོ་ང་ཡི་ཕ་ཡུལ་ཡིན།
གསུང་སྙན་པོའི་མཆོད་པ་འབུལ་ས་ཡིན།
སྐྱེས་ཕོ་མོའི་བྲོ་གར་འཁྲབ་ས་ཡིན།
སྐྱེས་ཕོ་མོའི་བྲོ་གར་འཁྲབ་ས་ཡིན།