作词 : 民间
作曲 : 民间
དཔལ་སྒྲོན་སྐྱོ་གླུ།
ལེན་མཁན། སྐལ་བཟང་བདེ་སྐྱིད།
དྲྭ་ཐོག་སྒྲིག་བཟོ། མཐོ་སྒང་གི་དབྱངས་རྟ།
ལྷ་གཞོལ་བྱེ་མའི་དཀྱིལ་ལ།
བུ་མོ་སྣ་མིན་སྣ་ཚོགས།
རྡོག་ལོ་ལ་མོ་བརྒྱབ་མཁན།
དཔལ་སྒྲོན་གཅིག་པོ་ཡིན་པས།
རྡོག་ལོ་ལ་མོ་བརྒྱབ་མཁན།
དཔལ་སྒྲོན་གཅིག་པོ་ཡིན་པས།
ཆུ་ལ་ལྷགས་པ་རྒྱབ་ནས།
རི་ལ་མཐའ་ལ་གཏོན་སོང་།
ཡབ་ཡུམ་བཀའ་མོལ་གནང་ནས།
བུ་མོ་མི་ལ་སྟེར་སོང་།
ཡབ་ཡུམ་བཀའ་མོལ་གནང་ནས།
བུ་མོ་མི་ལ་སྟེར་སོང་།
ནོར་ཁང་པ་རའི་སྦུག་ལ།
འཇོལ་མོས་འཇོལ་སྐད་རྒྱག་གིས།
འཇོལ་མོའི་འཇོལ་སྐད་མ་རེད།
དཔལ་སྒྲོན་འཇོང་བས་འཇོང་སྐད།
འཇོལ་མོའི་འཇོལ་སྐད་མ་རེད།
དཔལ་སྒྲོན་འཇོང་བས་འཇོང་སྐད།
དྲན་དང་མ་དྲན་དྲན་བྱུང་།
ལྷ་གཞོལ་ལུང་པ་དྲན་བྱུང་།
ཚེ་རིང་རྒྱལ་མོ་ཨེ་ཞོག།
དཔལ་སྒྲོན་བསུ་བར་ཤོག་དང་།
ཚེ་རིང་རྒྱལ་མོ་ཨེ་ཞོག།
དཔལ་སྒྲོན་བསུ་བར་ཤོག་དང་།
དཔལ་སྒྲོན་བསུ་བར་ཤོག་དང་།