编曲 : 极地音符发布
༣༠ལོའི་འཆར་སྣང་།
ཚིག་གདངས།། རིན་འཛིན་འཕྲིན་ལས་དོན་གྲུབ།
ལེན་མཁན། རིན་འཛིན་འཕྲིན་ལས་དོན་གྲུབ།
ཡིག་བསྒྱུར། མཐོ་སྒང་གི་དབྱངས་རྟ།
དུས་ཚོད་དེ་ནི་མགྱོགས་པོ་ཞེད་པོ་ཕྱིན་ཞག
ང་ཧ་གོ་བདེ་པོ་མེད་པར་༣༠སླེབས་ཤག
ཡང་ད་ལོའི་ལོ་དེ་འདུག་ཟེ་ག་ལ་རྫོགས་སོང་།
གྲུབ་འབྲས་འབྲས་བུ་གང་ཡང་མེད་པ་རྫོགས་སོང་།
དུས་ཚོད་དེ་ནི་ཕྱི་པོ་ཞེ་པོ་ཆགས་ཤག
ང་སྔས་མགོ་སྒང་ལ་ཉལ་ཡས་དུས་ཚོད་སླེབས་ཤག
མགོ་འདི་སྔས་མགོའི་སྒང་ལ་བཞག་ནས་བསམ་བློ་བཏང་།
ལུང་པའི་ནང་ལ་ང་ལས་སྐྱོ་བ་ཨ་ཡོད་བསམ།
མགོ་འདི་སྔས་མགོའི་སྒང་ལ་བཞག་ནས་བསམ་བློ་བཏང་།
ལུང་པའི་ནང་ལ་ང་ལས་སྐྱོ་བ་ཨ་ཡོད་བསམ།
ངའི་ལོ་དེ་ནི་༣༠ལ་སླེབས་འདུག་དེ་ལས།
ཨོ་་་་་་ཨོ་་་་་ཨོ་་་་ཨོ་་་་་་་་་
ཁང་པ་མོ་ཊ་པད་ཤག་གང་ཡང་མི་འདུག
ངའི་ལོ་དེ་ནི་༣༠ལ་སླེབས་འདུག་དེ་ལས།
ཨོ་་་་་་ཨོ་་་་་་ཨོ་་་་་་ཨོ་་་་་་་་་་་
ད་དུང་ཕྲུ་གུའི་རྣ་བ་ད་ག་རང་བསྡད་ཤག
ཕོ་ལོ་༣༠སླེབས་པའི་བུ་ཆུང་ང་ཡིས།
ཨ་ཅེ་ཕྲུ་གུ་ཁྱིམ་ཚང་དོན་དུ་རྒྱུགས་ཡོད།
དཀའ་ངལ་ག་ཚོད་འཕྲད་ཀྱང་བཤད་སའི་ས་ཆ་མེད།
ནང་ལ་སླེབས་དུས་དཀའ་ལས་ཁག་བྱུང་ངས་ཟེར་མཁན་མེད།
དཔུང་པའི་སྒང་ལ་འགན་འཁྲི་ལྗིད་པོ་ཡོད་རེད།
ཕྱི་ལྟས་སློག་ནས་བྲོས་སའི་ས་ཆ་མིན་འདུག
ཁོག་པའི་ནང་ལ་མེ་ལྕེ་ཚ་པོ་འབར་ནས་ལས།
ཁ་ནས་དུ་བ་མ་ཐོན་སྡུག་རུས་བྱེད་རྒྱུ་རེད།
ཁོག་པའི་ནང་ལ་མེ་ལྕེ་ཚ་པོ་འབར་ནས་ལས།
ཁ་ནས་དུ་བ་མ་ཐོན་སྡུག་རུས་བྱེད་རྒྱུ་རེད།
ངའི་ལོ་དེ་ནི་༣༠ལ་སླེབས་འདུག་དེ་ལས།
ཨོ་་་་་་ཨོ་་་་་ཨོ་་་་ཨོ་་་་་་་་་
ཁང་པ་མོ་ཊ་པད་ཤག་གང་གང་ཡང་མི་འདུག
ངའི་ལོ་དེ་ནི་༣༠ལ་སླེབས་འདུག་དེ་ལས།
ཨོ་་་་་་ཨོ་་་་་་ཨོ་་་་་་ཨོ་་་་་་་་་་་
ད་དུང་ཕྲུ་གུའི་རྣ་བ་ད་ག་རང་བསྡད་ཤག
ངའི་ལོ་དེ་ནི་༣༠ལ་སླེབས་འདུག་དེ་ལས།
ཨོ་་་་་་ཨོ་་་་་ཨོ་་་་ཨོ་་་་་་་་་
ཁང་པ་མོ་ཊ་པད་ཤག་གང་གང་ཡང་མི་འདུག
ངའི་ལོ་དེ་ནི་༣༠ལ་སླེབས་འདུག་དེ་ལས།
ཨོ་་་་་་ཨོ་་་་་་ཨོ་་་་་་ཨོ་་་་་་་་་་་
ད་དུང་ཕྲུ་གུའི་རྣ་བ་ད་ག་རང་བསྡད་ཤག
ད་དུང་ཕྲུ་གུའི་རྣ་བ་ད་ག་རེད།