编曲 : 极地音符发布
ཕ་གཅིག་བླ་མའི་འཁྲུངས་སྐར་བསུ།
ཚིག མུས་པ་བློ་བསམ།
གདངས། དམངས་ཁྲོད།
ཡིག་བསྒྱུར། མཐོ་སྒང་གི་དབྱངས་རྟ།
གཞས་མ་ ཚེ་བརྟན་བུ་ཁྲིད།
འཛམ་གླིང་མདོ་ཁམས་ཡུལ་ལ་བླ་མ་ཡོད།།
སྐྱབས་རྗེ་འཇམ་དབྱངས་བསྟན་པ་ཆོས་གྲགས་མཆོག།
གངས་ཅན་བོད་ཀྱི་སྙིང་གི་ནོར་བུ་ཡིན།།
འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་ཡིན།།
མདོ་ཁམས་རི་ཁྲོད་དགོན་དུ་བླ་མ་ཡོད།།
སེམས་ཅན་བདེ་སྡུག་མཁྱེན་པའི་བླ་མ་ཡོད།།
ང་ཚོ་གངས་ཅན་ལྗོངས་ཀྱི་བསོད་ནམས་ཡིན།།
འཛམ་གླིང་ཞི་བདེ་ཡོང་བའི་སྨོན་འདུན་ཞུ།།
དེ་རིང་གངས་ཅན་བོད་ཀྱི་ཚེས་བཟང་ལ།།
རྩ་བའི་བླ་མའི་སྐུ་ཚེ་བརྟན་པར་ཤོག །
དགུང་གྲངས་དྲུག་ཅུར་ཕེབས་པའི་འཁྲུངས་སྐར་བསུ། །
སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ། །
འཛམ་གླིང་མདོ་ཁམས་ཡུལ་ལ་བླ་མ་ཡོད། །
ཤར་ཆེན་འཇམ་དབྱངས་བསྟན་པ་ཆོས་གྲགས་མཆོག།
གངས་ཅན་བོད་ཀྱི་བསྟན་པའི་སྲོག་ཤིང་ཡིན། །
འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་ཡིན། །
མདོ་ཁམས་རི་ཁྲོད་དགོན་དུ་བླ་མ་ཡོད། །
སེམས་ཅན་བདེ་སྡུག་མཁྱེན་པའི་བླ་མ་ཡོད།།
ང་ཚོ་གངས་ཅན་ལྗོངས་ཀྱི་བསོད་ནམས་ཡིན། །
འཛམ་གླིང་ཞི་བདེ་ཡོང་བའི་སྨོན་འདུན་ཞུ།།
དེ་རིང་གངས་ཅན་བོད་ཀྱི་དུས་བཟང་ལ། །
ཕ་གཅིག་བླ་མ་བསྟན་པ་ཆོས་གྲགས་མཆོག།
དགུང་གྲངས་དྲུག་བཅུར་ཕེབས་པའི་འཁྲུངས་སྐར་བསུ། །
སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ། །
སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ། །
སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ། །
སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ། །