编曲 : 极地音符发布
ཆང་གཞས།
ཚིག། ལྷ་སའི་བཀྲ་ཤིས།
གདངས། ལྷ་སའི་བཀྲ་ཤིས།
ལེན་མཁན། ལྷ་སའི་བཀྲ་ཤིས། སྟོད་ལུང་བཀྲ་རྡོར།
དྲྭ་ཐོག་སྒྲིག་བཟོ། མཐོ་སྒང་གི་དབྱངས་རྟ།
བཀྲ་ཤིས་བཞུགས་གྲལ་སྟེང་ལ།
མཆོད་ཆང་མཆོད་བར་ཕེབས་དང་།
མཆོད་ཆང་འཐུང་བཞིན་འཐུང་ཞིང་།
ལུས་སེམས་བདེ་ལ་འཁོད་སོང་།
མཆོད་ཆང་བཙུགས་ནས་མ་བཞག།
རྒྱ་བའི་ཡོན་ཆབ་མ་རེད
སིམ་སིམ་སིམ་ལ་མཆོད་དང་།
དབྱིངས་སུ་ཚུད་པའི་ཁྱད་འདུག
མཆོད་དང་།་མཆོད་དང་།
དབྱིངས་སུ་ཚུད་པའི་ཁྱད་འདུག
མཆོད་ཆང་འཐུང་བའི་མི་ལ།
ཡོན་ཏན་མི་འདུག་མ་གསུངས
ཆང་གི་བཟི་ད་བཟི་འདུག།
རིགས་པ་དྭངས་གསལ་ཡིན་དེ།
མཆོད་ཆང་འཐུང་བའི་རྗེས་ལ།
སེམས་པའི་སྙིང་གཏམ་བཤད་ཡོད།
སྙིང་གཏམ་ཁྱེད་ལ་བཤད་པས།
ལུས་སེམས་བདེ་ལ་འཁོད་སོང་།
མཆོད་དང་།་མཆོད་དང་།
སིམ་སིམ་སིམ་ལ་མཆོད་དང་།
དགའ་ས་སྐྱིད་སའི་དུས་ལ།
དགའ་དགའ་སྤྲོ་སྤྲོ་གནང་དང་།
དུས་སང་ཡང་བསྐྱར་མཇལ་བའི།
བཀྲ་ཤིས་སྨོན་ལམ་ཞུས་ཡོད།་
གྲོགས་པོ་གྲོགས་མོ་ལྷན་རྒྱས།
དེ་རིང་འཛོམས་པ་ཡག་བྱུང་།
རྙོག་གྲྭའི་སྒམ་ཆུང་མེད་པར།
བཀྲ་ཤིས་བཅད་ནས་ལོག་འགྲོ།
མཆོད་དང་མཆོད་དང་།
བཀྲ་ཤིས་བཅད་ནས་ལོག་འགྲོ།