编曲 : 极地音符发布
ང་ཚོ་བོད་ཀྱི་ལོ་གསར།
ཚིག དམངས་ཁྲོད།
དབྱངས། དམངས་གཞས་བཅོས་སྒྲིག
ལེན་མཁན། འཕན་ཡུལ་བྱམས་པ་དང་བསྟན་འཛིན་དབང་མོ།
ཡིག་བསྒྱུར། མཐོ་སྒང་གི་དབྱངས་རྟ།
ཕོ།
ང་ཚོ་བོད་ཀྱི་ལོ་གསར།
དགའ་སྐྱིད་འཛོམས་པའི་ལོ་གསར།
ང་ཚོ་བོད་ཀྱི་ལོ་གསར།
དགའ་བའི་གླུ་ཞིག་ལེན་དང་།
སྐྱིད་པའི་བྲོ་ཞིག་འཁྲབ་དང་།
ང་ཚོ་བོད་ཀྱི་ལོ་གསར།
འདི་འདྲའི་དགའ་བའི།
འདི་འདྲའི་སྐྱིད་པའི་བོད་ཀྱི་ལོ་གསར།
མཉམ་ལེན།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
ཨ་མ་བག་བྲོ་སྐུ་ཁམས་བཟང་།
གཏན་དུ་བདེ་བ་འཐོབ་པར་ཤོག
མོ།
དཀར་ཡོལ་ནང་གི་ཆང་འདི།
རྟེན་འབྲེལ་མ་སྒྲིག་རང་འགྲིག
མཆོད་ཆང་མཆོད་རོགས་གནང་དང་།
ཁ་ལ་བཀྲ་ཤིས་རྟགས་བརྒྱད།
ཞབས་ལ་པདྨ་འདབ་བརྒྱད།
ང་ཚོ་བོད་ཀྱི་ལོ་གསར།
འདི་འདྲའི་ཞིམ་པའི་མཆོད་ཆང་།
ཨ་མ་ཆང་མ་ལགས་ཀྱིས་གནང་བྱུང་།
ལྷ་ཡིས་མཆོད་ན་རྟེན་འབྲེལ་བཟང་།
མི་ཡིས་མཆོད་ན་སྣང་བ་སྐྱིད།
ང་ཚོ་བོད་ཀྱི་ལོ་གསར།
མོ།
ང་ཚོ་བོད་ཀྱི་ལོ་གསར།
དགའ་སྐྱིད་འཛོམས་པའི་ལོ་གསར།
ང་ཚོ་བོད་ཀྱི་ལོ་གསར།
དགའ་བའི་གླུ་ཞིག་ལེན་དང་།
སྐྱིད་པའི་བྲོ་ཞིག་འཁྲབ་དང་།
ང་ཚོ་བོད་ཀྱི་ལོ་གསར།
འདི་འདྲའི་དགའ་བའི།
འདི་འདྲའི་སྐྱིད་པའི་བོད་ཀྱི་ལོ་གསར།
མཉམ་ལེན།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
ཨ་མ་བག་བྲོ་སྐུ་ཁམས་བཟང་།
གཏན་དུ་བདེ་བ་འཐོབ་པར་ཤོག
ཕོ།
དཀར་ཡོལ་ནང་གི་ཆང་འདི།
རྟེན་འབྲེལ་མ་སྒྲིག་རང་འགྲིག
མཆོད་ཆང་མཆོད་རོགས་གནང་དང་།
ཁ་ལ་བཀྲ་ཤིས་རྟགས་བརྒྱད།
ཞབས་ལ་པདྨ་འདབ་བརྒྱད།
ང་ཚོ་བོད་ཀྱི་ལོ་གསར།
འདི་འདྲའི་ཞིམ་པའི་མཆོད་ཆང་།
ཨ་མ་ཆང་མ་ལགས་ཀྱིས་གནང་བྱུང་།
མཉམ་ལེན།
ལྷ་ཡིས་མཆོད་ན་རྟེན་འབྲེལ་བཟང་།
མི་ཡིས་མཆོད་ན་སྣང་བ་སྐྱིད།
ང་ཚོ་བོད་ཀྱི་ལོ་གསར།
ལྷ་ཡིས་མཆོད་ན་རྟེན་འབྲེལ་བཟང་།
མི་ཡིས་མཆོད་ན་སྣང་བ་སྐྱིད།
ང་ཚོ་བོད་ཀྱི་ལོ་གསར།
ལྷ་ཡིས་མཆོད་ན་རྟེན་འབྲེལ་བཟང་།
མི་ཡིས་མཆོད་ན་སྣང་བ་སྐྱིད།
ང་ཚོ་བོད་ཀྱི་ལོ་གསར།