作词 : 仁增赤勒顿珠
作曲 : 仁增赤勒顿珠
སྦ་ཁུག་གི་བརྩེ་དུང་
གླུ་པ་ ཕུར་ཚེ།
དང་པོ་ཁྱེད་ལས་མཛེས་པ།
སུ་ཡང་བསམ་མྱོང་མེད།
བྱམས་པོ་བྱེད་འདོད་ཡོད་ལ།
སྙིང་གཏམ་བཤད་འདོད་ཡོད།
ཉི་མ་གཅིག་སོང་གཉིས་སོང་།
གདོང་རིས་ངོ་མ་མཐོང་།
ཨ་ཅག་མཛེས་ལྡན་ལྷ་མོ་ཁྱེད་སོ་ལོའི་སྡོང་པོ་འདྲ།
དང་པོ་ཁྱེད་ལས་མཛེས་པ།
སུ་ཡང་བསམ་མྱོང་མེད།
བྱམས་པོ་བྱེད་འདོད་ཡོད་ལ།
སྙིང་གཏམ་བཤད་འདོད་ཡོད།
ཉི་མ་གཅིག་སོང་གཉིས་སོང་།
གདོང་རིས་ངོ་མ་མཐོང་།
ཨ་ཅག་མཛེས་ལྡན་ལྷ་མོ་ཁྱེད་སོ་ལོའི་སྡོང་པོ་འདྲ།
ཁྱེད་ཀྱི་ཁ་ནས་ལབ་པའི་སྐད་ཆ་རྫུན་མ་དེ།
བུ་ཆུང་སྙིང་ལ་རྨ་ཁ་བཟོས་ནས་འདུག
ཁྱེད་ཀྱིས་ང་ལ་འཁྲབ་པའི་འཁྲབ་ཚན་རྫུན་མ་དེ།
བུ་ཆུང་ཁ་ནས་དུག་ཡང་སྐྱུགས་པ་འདུག
བུ་ཆུང་ཁ་ནས་དུག་ཡང་སྐྱུགས་པ་འདུག
མདང་དགོང་ང་དང་མཉམ་དུ་མི་ཚེའི་སྐོར་དེ་བཤད།
དེ་རིང་ཁོང་གི་མཉམ་དུ་ལག་པ་བཏང་ནས་བསྡད།
ང་གཉིས་བརྩེ་དུང་ཡོད་ཀྱང་མཉམ་དུ་མེད་པ་དེ།
ཨ་ཅོ་ཁྲ་སིལ་ཁོང་གི་སྤ་ཁུག་ཡིན་པ་འདྲ།
མདང་དགོང་ང་དང་མཉམ་དུ་མི་ཚེའི་སྐོར་དེ་བཤད།
དེ་རིང་ཁོང་གི་མཉམ་དུ་ལག་པ་བཏང་ནས་བསྡད།
ང་གཉིས་བརྩེ་དུང་ཡོད་ཀྱང་མཉམ་དུ་མེད་པ་དེ།
ཨ་ཅོ་ཁྲ་སིལ་ཁོང་གི་སྤ་ཁུག་ཡིན་པ་འདྲ།
ཁྱེད་ལ་དགོས་པའི་བརྩེ་དུང་།
སྦ་ཁུག་རྒྱགས་པ་རེད།
བུ་ཆུང་ང་ལ་ཕུག་དེ་འདྲ་མེད།
དྭངས་གཙང་སེམས་པ་ཞིག་ལ་ཡིད་ཆེས་མ་གནང་ན།
འགྱོད་པ་སྐྱེས་དུས་སུན་པོ་མ་བཟོ་རོགས།
ཁྱེད་ལ་དགོས་པའི་བརྩེ་དུང་།
སྦ་ཁུག་རྒྱགས་པ་རེད།
བུ་ཆུང་ང་ལ་ཕུག་དེ་འདྲ་མེད།
དྭངས་གཙང་སེམས་པ་ཞིག་ལ་ཡིད་ཆེས་མ་གནང་ན།
འགྱོད་པ་སྐྱེས་དུས་སུན་པོ་མ་བཟོ་རོགས།