ནོར་ནག་དབྱངས་ཀྱི་གླུ།
ཚིག་གདངས རིག་འཛིན་འཕྲིན་ལས་དོན་གྲུབ།
གླུ་ལེན་མཁན། ནོར་ནག་སྤུན་གྲོགས།
བཀྲ་ཤིས་ཤོག་ནོར་ནག་གཡང་འཁྱིལ་བའི་བཀྲ་ཤིས་ཤོག
བཀྲ་ཤིས་ཤོག་ནོར་ནག་དོན་འགྲུབ་པའི་བཀྲ་ཤིས་ཤོག
བཀྲ་ཤིས་ཤོག་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག
བཀྲ་ཤིས་ཤོག་ནོར་ནག་བདེ་ལེགས་པའི་བཀྲ་ཤིས་ཤོག
ང་ཚོ་གྲོགས་པོ་འཛོམས་པ་དེ་ལས་དབང་བཟང་པོའི་རྐྱེན་རེད།
དེ་རིང་ང་ཚོ་འཛོམས་པ་དེ་དཔུང་པ་མཐུན་ནས་སླེབས་ཡོད།
ངའི་མིང་ལ་ཚེ་རིང་ཆོས་བཟང།
སྨད་མདོ་ཁམས་སྐོར་ནས་སླེབས་ཡོད།
ངའི་མིང་ལ་བུ་ཆུང་ཚེ་རིང་།
འཕན་པོ་རིག་པའི་གཞུང་གི་བུ་ཕྲུག་ཡིན།
རིག་འཛིན་འཕྲིན་ལས་དོན་གྲུབ་ཡིན།
བློ་མཐུན་པའི་གྲོགས་པོ་ཁྱེད་ཚོ་དང་ཐུག་པ་དགའ་བྱུང་།
དེ་ལས་ཀྱང་སྐུ་མགྲོན་མང་པོ་དེ་འདྲ་ནས་ང་ཚོར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།
ང་ནི་གླང་ཐང་བཀྲ་ཤིས།
གསེར་རྟ་འོག་མ་རྣམ་ལྕག་གཡུ་འབྲུག་སྔོན་མོའི་ནང་ནས་ཚོར་རོགས་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ།
དེས་མ་ཚད་ས་ཕྱོགས་གང་སའི་གྲོགས་པོ་གྲོགས་མོས།
ང་ཚོར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ།
ཡ་ཡ་ཡ།་་་་་་ང་ཚོ་གཅེན་པོ་ག་པར་ཕྱིན་པ་རེད།
གཅེན་པོ་དོན་གྲུབ།
ཡོད་ཡོད་ཡོད་ང་དེར་ཡོད།
ད་བྱས་ན་གཅེན་པོ་ཁྱེད་རང་ནི་ང་ཚོ་ཡང་རྒྱབ་སྐྱོར་གནང་
མཁན་སྐུ་མགྲོན་ཡོངས་ལ་སྨོན་ཚིག་ཡག་པོ་ཞིག་འཕུལ་ན་གང་འདྲ་འདུག
དེ་ལྟ་ཡིན་དགོས་བྱུང་།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
ཨ་མ་བག་གྲོ་སྐུ་ཁམས་བཟང།
གཏན་དུ་བདེ་བ་ཐོབ་པར་ཤོག
དུས་སང་ད་ཚོད་ཁྲ་རོག་རོག་ཤོག
དེ་རིང་འཛོམས་སོང་།
བཀྲ་ཤིས་པའི་ནོར་ནག་གླིང་དུ་འཛོམས་སོང་།
དེ་རིང་འཛོམས་སོང་།
དོན་གྲུབ་པའི་ནོར་ནག་གླིང་དུ་འཛོམས་སོང་།
བཀའ་དྲིན་ཆེ།
བཀའ་དྲིན་ཆེ།
ང་ཚོའི་སེམས་པ་མཐུན་སོང་།
ཐུགས་རྗེ་ཆེ།
ཐུགས་རྗེ་ཆེ།
ང་ཚོའི་སེམས་པ་མཐུན་སོང་།
དྲྭ་ཐོག་སྒྲིག་བཟོ། མཐོ་སྒང་གི་དབྱངས་རྟ།