编曲 : 源头音符
源头音符推广宣传
ལམ་ནང་གི་དྲན་གླུ །
ཚིག། བློ་བཟང་རྡོ་རྗེ།
དབྱངས་། བློ་བཟང་རྡོ་རྗེ།
ལེན་མཁན། ཀུན་དགའ།
ཉི་མ་དེ་ཕ་ཡུལ་དང་བྲལ་སྐབས།
ཉི་རྩེ་དང་པོ་ལམ་ལ་ཤར་བྱུང་།
གངས་རིའི་འདབས་ཀྱི་སྦྲ་གུར་ནས།
དྲིན་ཆེན་ཨ་མ་སྐྱེལ་མ་གནང་སོང་།
ཉི་མ་དེར་ཕ་ཡུལ་དང་བྲལ་སྐབས།
མཛེས་པའི་བུ་མོ་ཁྱེད་རང་དྲན་བྱུང་།
རྩྭ་ཐང་རླུང་བུ་དལ་གྱིས་ལྡང་བྱུང་།
ཁྱོད་ཀྱི་རྫི་གླུ་སྙན་ཡང་སྙན་བྱུང་།
ང་ཡི་ཕུགས་འདུན་གང་ན་ཡོད།
ང་ཡི་འགྲོ་ལམ་གང་དུ་ཡོད།
ང་ཡི་བསམ་པ་ཐག་རིང་རྒྱང་ལ་ཡོད།
ང་ལ་སྐར་ཚོགས་འདྲ་བའི་རེ་སྨོན་ཡོད།
ཉི་མ་དེར་ཕ་ཡུལ་དང་བྲལ་སྐབས།
མཛེས་པའི་བུ་མོ་ཁྱེད་རང་དྲན་བྱུང་།
རྩྭ་ཐང་རླུང་བུ་དལ་གྱིས་ལྡང་བྱུང་།
ཁྱོད་ཀྱི་རྫི་གླུ་སྙན་ཡང་སྙན་བྱུང་།
ང་ཡི་ཕུགས་འདུན་གང་ན་ཡོད།
ང་ཡི་འགྲོ་ལམ་གང་དུ་ཡོད།
ང་ཡི་བསམ་པ་ཐག་རིང་རྒྱང་ལ་ཡོད།
ང་ལ་སྐར་ཚོགས་འདྲ་བའི་རེ་སྨོན་ཡོད།
ང་ཡི་ཕུགས་འདུན་གང་ན་ཡོད།
ང་ཡི་འགྲོ་ལམ་གང་དུ་ཡོད།
ང་ཡི་བསམ་པ་ཐག་རིང་རྒྱང་ལ་ཡོད།
ང་ལ་སྐར་ཚོགས་འདྲ་བའི་རེ་སྨོན་ཡོད།
ང་ལ་སྐར་ཚོགས་འདྲ་བའི་རེ་སྨོན་ཡོད།