编曲 : 源头音符
源头音符推广宣传
སེམས་ཀྱི་མཆོད་དབྱངས།
དབྱངས།བློ་གསལ་གྱིས་བརྩམས།
གཞས་གཏོང་མཁན། ཤེར་བསྟན། བློ་གསལ། ཀླུ་མོ་མཚོ། ལྷ་སྐྱིད།
ཚེ་རབས་འོད་ཀྱིས་ཕྲེང་བ་གང་ལ་བརྒྱུས་ཡོད།
ཐོག་མའི་ལྟེ་ཁྲག་དམར་པོ་སྤང་ལ་འཐིམ་ཡོད།
སྙིང་གི་དམ་བཅའ་བརྟན་པོ་བྲག་ལ་བྲིས་ཡོད།
ཡེ་ཡ་རེ་ལོ་་་་་ ་་་་་
ངག་གི་སྨོན་ལམ་དག་མོ་ཁྱེད་ལ་བཏབ་ཡོད།
སེམས་ཁོང་དཀྱིལ་ནས་བྱེད་པའི་གླུ་གཞས་སྙན་མོ།
མི་ཟས་ཡུན་རིང་ཟོས་པའི་རིན་དོད་ ་མིན་རུང།
ཕ་ས་ཕ་ཡུལ་མཆོད་པའི་དབྱངས་རྟ་ཡིན་ཆོག།
གནས་ཡུལ་གང་དུ་བསྡད་ཀྱང་རུང།
ས་ཕྱོགས་གང་དུ་འཆད་ཀྱང་རུང།
ང་ཡི་ཡིད་སེམས་ཁྱེད་ལ་བལྟས་ནས་ཡོད།
ཕ་ས་ཕ་ཡུལ་ང་ཡིས་གངས་ལྗོངས་ཕྱུག་མོ།
ཡེ་་་ ཡེ་་་
སེམས་ཀྱི་མཆོད་དབྱངས་འདི་ཁྱེད་ལ་འཕུལ་ཡོད།
ང་ཡིས་གངས་ལྗོངས་ཕྱུག་མོ། ཕ་ས་ཕ་ཡུལ།
ལས་ཀྱི་བསོད་ནམས་ཆོས་ལྡན་ཞིང་ལ་བཅོལ་ཡོད།
དད་པའི་རྩེ་མོ་རྣམ་དཀར་ལས་ལ་ཟུག་ཡོད།
མཚར་བའི་ལང་ཚོ་ཆོལ་གསུམ་ཡུལ་ལ་ཕུལ་ཡོད།
ཡེ་ཡ་རེ་ལོ་་་་ ་་་་
དེ་མིའི་རུས་གོང་གངས་ལྗོངས་ལ་དབང་ཡོད།
སེམས་ཁོངས་དཀྱིལ་ནས་མཆེད་པའི་གླུ་གཞས་སྙན་མོ།
མི་ཟས་ཡུན་རིང་ཟོས་པའི་རིན་དོད་མི་རུང།
ཕ་ས་ཕ་ཡུལ་མཆོད་པའི་དབྱངས་རྟ་ཡིན་ཆོག།
གནས་ཡུལ་གང་དུ་བསྡད་ཀྱང་རུང།
ས་ཕྱོགས་གང་དུ་འཆད་ཀྱང་རུང།
ང་ཡི་ཡིད་སེམས་ཁྱེད་ལ་བལྟས་ནས་ཡོད།
ཕ་ས་ཕ་ཡུལ་ང་ཡིས་གངས་ལྗོངས་ཕྱུག་མོ།
ཡེ་་་་ ཡེ་་་་
སེམས་ཀྱི་མཆོད་དབྱངས་འདི་ཁྱེད་ལ་འཕུལ་ཡོད།
ང་ཡིས་གངས་ལྗོངས་ཕྱུག་མོ།ཕ་ས་ཕ་ཡུལ།
གནས་ཡུལ་གང་དུ་བསྡད་ཀྱང་རུང།
ས་ཕྱོགས་གང་དུ་འཆད་ཀྱང་རུང།
ང་ཡི་ཡིད་སེམས་ཁྱེད་ལ་བལྟས་ནས་ཡོད།
ཕ་ས་ཕ་ཡུལ་ང་ཡིས་གངས་ལྗོངས་ཕྱུག་མོ།
ཡེ་་་་ ཡེ་་་་་
སེམས་ཀྱི་མཆོད་དབྱངས་འདི་ཁྱེད་ལ་འཕུལ་ཡོད།
ང་ཡིས་གངས་ལྗོངས་ཕྱུག་མོ་ཕ་ས་ཕ་ཡུལ་ཡིན།