编曲 : 源头音符
源头音符推广宣传
མཐུན་སྒྲིལ་གྱི་རང་སྒྲ།
ཚིག སྟག་ལྷ་རྒྱལ།
དབྱངས། བདུད་བྷེ།
ལེན་མཁན། ཤེར་བསྟན།
བོད་པོ་ཚོ།
མཐུན་སྒྲིལ་གྱིས་ཡ།
མཐུན་སྒྲིལ་གྱིས་ཡ།
ཨ་ཕའི་གདོང་གི་སྐྱོ་བ་བསམ་ན།
བོད་པོ་ཚོ།
མཐུན་སྒྲིལ་གྱིས་ཡ།
མཐུན་སྒྲིལ་གྱིས་ཡ།
མདོ་དབུས་ཁམས་གསུམ་མཐུན་སྒྲིལ་བྱོས་དང་།
བོད་པོ་ཚོ།
མཐུན་སྒྲིལ་གྱིས་ཡ།
མཐུན་སྒྲིལ་གྱིས་ཡ།
ཨ་མའི་སེམས་ཀྱི་མིག་ཆུ་བསམ་ན།
བོད་པོ་ཚོ།
མཐུན་སྒྲིལ་གྱིས་ཡ།
མཐུན་སྒྲིལ་གྱིས་ཡ།
ཁ་བ་བོད་པ་མཐུན་སྒྲིལ་བྱོས་དང་།
ང་ཚོ་ནི་ཕ་མ་གཅིག་གི་མིང་སྲིང་ཡིན་ཡ།
མི་རིགས་ཤིག་གི་རྒྱུན་འཛིན་ཡིན་ཡ།
གདོང་དམར་བོད་པ་ཚོ།
*** *** ***
བོད་པོ་ཚོ།
མཐུན་སྒྲིལ་གྱིས་ཡ།
མཐུན་སྒྲིལ་གྱིས་ཡ།
སྐྱིད་་སྡུག་འདྲེས་མའི་ལོ་ཟླ་བསམ་ན།
བོད་པོ་ཚོ།
མཐུན་སྒྲིལ་གྱིས་ཡ།
མཐུན་སྒྲིལ་གྱིས་ཡ།
སྟོད་སྨད་བར་གསུམ་མཐུན་སྒྲིལ་བྱོས་དང་།
བོད་པོ་ཚོ།
མཐུན་སྒྲིལ་གྱིས་ཡ།
མཐུན་སྒྲིལ་གྱིས་ཡ།
ཁ་བ་གངས་རིའི་མདུན་ལྗོོངས་བསམ་ན།
བོད་པོ་ཚོ།
མཐུན་སྒྲིལ་གྱིས་ཡ།
མཐུན་སྒྲིལ་གྱིས་ཡ།
ཕུ་ནུ་མིང་སྲིང་མཐུན་སྒྲིལ་བྱོས་དང་།
ང་ཚོ་ནི་སྟོད་ཕྱོགས་འབྲོག་གི་ཕྱུགས་བདག་ཡིན་ཡ།
སྨད་ཕྱོགས་རོང་གི་ཞིང་བདག་ཡིན་ཡ།
གདོང་དམར་བོད་པ་ཚོ།
*** *** ***
བོད་པོ་ཚོ།
མཐུན་སྒྲིལ་གྱིས་ཡ།
མཐུན་སྒྲིལ་གྱིས་ཡ།
ངུ་མ་དགོད་གྱི་ལས་དབང་བསམ་ན།
བོད་པོ་ཚོ།
མཐུན་སྒྲིལ་གྱིས་ཡ།
མཐུན་སྒྲིལ་གྱིས་ཡ།
ཆོལ་ཁ་གསུམ་པོ་མཐུན་སྒྲིལ་བྱོས་དང་།
བོད་པོ་ཚོ།
མཐུན་སྒྲིལ་གྱིས་ཡ།
མཐུན་སྒྲིལ་གྱིས་ཡ།
རང་དབང་འཚོ་བའི་བདེ་སྐྱིད་བསམ་ན།
བོད་པོ་ཚོ།
མཐུན་སྒྲིལ་གྱིས་ཡ།
མཐུན་སྒྲིལ་གྱིས་ཡ།
གཞོན་ནུ་ཕོ་མོ་མཐུན་སྒྲུལ་བྱོས་དང་།
ང་ཚོ་ནི་དུས་རབས་གསལ་བའི་ཕ་ཉ་ཡིན་ཡ།
མ་འོངས་གངས་རི་བདག་པོ་ཡིན་ཡ།
གདོང་མ་བོད་པ་ཚོ།