作词 : 斯那林主
作曲 : 斯那林主
བུ་ཆུང་འགྲོ་ཡ་འགྲོ་ཡ།
ཨ། མི་ཡུལ་ལུང་བར་འགྲོ་ཡ།
ས་མཐའ་མི་ཡུལ་འགྲོ་རན།
ཨེ། དྲིན་ཆེན་ཕ་མ་དྲན་བྱུང་།
དྲིན་ཆེན་ཕ་མའི་ཁ་ཏ།
ཨ། མི་ཡུལ་མ་འགྲོ་གསུང་དྲགས།
བུ་ཆུང་བསོད་ནམས་ཆུང་ཆུང་།
ཨོ། མི་ཡུལ་འགྲོ་དགོས་ལས་རེད།
བུ་ཆུང་བསོད་ནམས་ཆུང་ཆུང་།
ཨོ། མི་ཡུལ་འགྲོ་དགོས་ལས་རེད།
ཨོ་ཧོ་ཨོ་་་་་་ཕ་མའི་ཁ་ཏ་བཟང་པོ།
ཨོ་ཧོ་ཨོ་་་་་་ལྷ་བྱ་གོང་མོའི་གསུང་སྐད།
ལྷ་བྱ་གོང་མོའི་གསུང་སྐད།
ཕ་མའི་ཁ་ཏ་བཟང་པོ།
ཨོ། རྡོ་ཡི་རི་མོ་འདྲ་བྱུང་།
ལོ་གསུམ་ཆར་པ་བབས་ན།
ཨོ། རི་མོ་ཞིག་ཐབས་ག་ཡོད།
བུ་ཆུང་ང་ཡི་སྨོན་ལམ།
ཨོ། བདག་གི་དྲིན་ཆེན་ཕ་མ།
སྐུ་ཚེ་བརྟན་ན་བསམ་བྱུང་།
ཨོ། སྐུ་ཚེ་བརྟན་པའི་སྨོན་ལམ།
བདག་གི་དྲིན་ཆེན་ཕ་མ།
ཨོ། སྐུ་ཚེ་བརྟན་པའི་སྨོན་ལམ།
ཨོ་ཧོ་ཨོ་་་་་་ཕ་མའི་ཁ་ཏ་བཟང་པོ།
ཨོ་ཧོ་ཨོ་་་་་་ལྷ་བྱ་གོང་མོའི་གསུང་སྐད།
ཨོ་ཧོ་ཨོ་་་་་་ཕ་མའི་ཁ་ཏ་བཟང་པོ།
ཨོ་ཧོ་ཨོ་་་་་་ལྷ་བྱ་གོང་མོའི་གསུང་སྐད།
ལྷ་བྱ་གོང་མོའི་གསུང་སྐད།
ལྷ་བྱ་གོང་མོའི་གསུང་སྐད།
ལྷ་བྱ་གོང་མོའི་གསུང་སྐད།