源头音符推广宣传
༺ ངའི་འཇིག་རྟེན། ༻
ཚིག ཀྲརྨ་སྦྱིན་པ།
དབྱངས། བཀྲ་ཤིས་རྡོ་རྗེ།
གླུ་བ་ ཀུན་དགའ།
དྲིན་ཅན་ཨ་མའི་པང་དུ།
ཞིམ་མངར་ནུ་ཞོ་ནུ་དུས།
མཛེས་སྡུག་ཨ་མའི་ཞལ་རས།
ལོང་བའི་མིག་གིས་མ་མཐོང་།
ཨོ་ ་་་ སེམས་པ་མ་སྐྱོ། །
ཨོ་ ་་་ སེམས་པ་མ་སྐྱོ།
ལོ་ཆུང་གྲོགས་པོ་གྲོགས་མོ།
དགའ་སྐྱིད་རྩེད་མོར་རོལ་དུས།
རྩེ་ར་གྲུ་བཞིའི་སྤྲོ་སྣང་།
ལོང་བའི་མིག་གིས་མ་མཐོང་།
... ...
ལང་ཚོ་དར་ལ་བབས་དུས།
ཕ་མའི་དྲིན་ལན་བསམ་རུང་།
འཇིག་རྟེན་སྒྱུ་མའི་ལྟད་མོ།
ལོང་བའི་མིག་གིས་མ་མཐོང་།
ཨོ་ ་་་ སེམས་པ་མ་སྐྱོ།
ཨོ་ ་་་ སེམས་པ་མ་སྐྱོ།
མཐོང་ལམ་མུན་པའི་སྒྲིབ་རུང་།
སེམས་ལ་དྲི་མེད་པས།
བསླུ་མེད་དཀོན་མཆོག་གསུམ་པོས།
ང་ཡི་ལམ་སྟོན་གནང་རོགས།
ཨོ་ ་་་ སེམས་པ་མ་སྐྱོ།
ཨོ་ ་་་ སེམས་པ་མ་སྐྱོ།
མཐོང་ལམ་མུན་པའི་སྒྲིབ་རུང་།
སེམས་ལ་དྲི་མེད་པས།
བསླུ་མེད་དཀོན་མཆོག་གསུམ་པོས།
ང་ཡི་ལམ་སྟོན་གནང་རོགས།