作词 : 阿尼
作曲 : 旦增边洛
源头音符推广宣传
ཆོས་གྲོགས།
ཚིག ། ཨ་ནུ།
དབངས། སྤུན་ནོར།
ལེན་མཁན། ཀུན་དགའ།
དྲུག་པའི་ཚེས་པ་བཞི་ལ།
བསང་ཞིག་གཏོང་བར་ཕྱིན་པས།
དབུ་རྩེ་སྨུག་པའི་དཀྱིལ་ནས།
ཆོས་གྲོགས་རྙིང་པ་མཇལ་བྱུང་།
དབུ་རྩེ་སྨུག་པའི་དཀྱིལ་ནས།
ཆོས་གྲོགས་རྙིང་པ་འཇལ་བྱུང་།
ན་ནང་བུམ་པ་རི་ལ།
མཇལ་ཡང་དཀར་མོ་མ་བྱུང་།
ད་ལོར་དགེ་འཕེལ་དབུ་རྩེར།
མཇལ་ཡོང་བསམ་བསམ་མ་བྱུང་།
ད་ལོར་དགེ་འཕེལ་དབུ་རྩེར།
མཇལ་ཡོང་བསམ་བསམ་མ་བྱུང་།
ཡ་རབས་ཐུགས་གཤིས་བཟང་བའི།
ཆོས་གྲོགས་མཛེས་ལྡན་ལྷ་མོ།
ཁྱེད་རང་མཇལ་བ་ཙམ་གྱིས།
བདག་སེམས་ལྷོད་ལ་བབས་སོང་།
ཁྱེད་རང་མཇལ་བ་ཙམ་གྱིས།
བདག་སེམས་ལྷོད་ལ་བབས་སོང་།
ཚེས་བཟང་འདི་ལ་མཇལ་བ།
ལས་འཕྲོ་ཡོད་པའི་རྟགས་རེད།
དམ་ཚིག་གཙང་མ་བཞུགས་དང་།
ཡང་ནས་ཡང་དུ་མཇལ་ཡོང་།
དམ་ཚིག་གཙང་མ་བཞུགས་དང་།
ཡང་ནས་ཡང་དུ་མཇལ་ཡོང་།
ཚེས་བཟང་འདི་ལ་མཇལ་བ།
ལས་འཕྲོ་ཡོད་པའི་རྟགས་རེད།
དམ་ཚིག་གཙང་མ་བཞུགས་དང་།
ཡང་ནས་ཡང་དུ་མཇལ་ཡོང་།
དམ་ཚིག་གཙང་མ་བཞུགས་དང་།
ཡང་ནས་ཡང་དུ་མཇལ་ཆོག
དམ་ཚིག་གཙང་མ་བཞུགས་དང་།
ཡང་ནས་ཡང་དུ་མཇལ་ཆོག