作词 : 索东达
作曲 : 曲加措
ཚོས་ཀ།
གཞས་ཚིག སོག་དུང་མདངས།
གཞས་གདངས། ཆོས་རྒྱ་མཚོ་
གཞས་པ། རོང་མོ་ཕུར་བུ་ཚེ་རིང་།
སྦྲ་སྨུག་པོའི་ནང་ལ་ཕ་ཞིག་ཡོད།།
མགོ་སྐྲ་ལོ་དཀར་བའི་ཕ་ཞིག་ཡོད།།
ངག་གསལ་བྱེད་ཡི་གེ་སྙན་སེ་སྙན།།
དེ་ལོས་ཡོད་མེས་པོ་དམ་པ་རེད།།
ཐབ་གྲུ་བཞིའི་ཟུར་ན་མ་ཞིག་ཡོད།།
ལག་འཁོར་ལོ་བཟུང་བའི་མ་ཞིག་ཡོད།།
ཐུགས་བྱམས་བརྩེའི་འཛུམ་མདངས་ཤིག་སེ་ཤིག།
དེ་ལོས་ཡོད་ཡུམ་ཆེན་མ་ལོ་རེད།།
ཡུལ་རྒྱ་གྲོང་དཀྱིལ་ན་བུ་ཟིག་ཡོད།།
ངག་ཕ་སྐད་སྨྲ་བའི་བུ་ཟིག་ཡོད།།
བོད་ཁ་བའི་གླུ་དབྱངས་ལེན་སེ་ལེན།།
དེ་ལོས་ཡོད་གདོང་དམར་ཚང་གི་རེད།།