作词 : 阿夏
作曲 : 次仁顿珠
ལས་དབང་རེད།
ཚིག་ངར་ཞགས།
དབྱངས་ཚེ་རིང་དོན་འགྲུབ།
གླུ་བ་རོང་མོ་ཕུར་བུ་ཚེ་རིང་།
ཨ་འགྲིག་ཆ་འགྲིག་སེམས་པ་ཆ་འགྲིག་རེད།།
དགའ་དུས་ཟབ་པའི་བརྩེ་བ་ཆ་འགྲིག་རེད།།
ལས་དབང་ཁུར་བའི་དགའ་ལོ་ངེད་གཉིས་ཀྱི།།
སྙིང་གཏམ་དམར་མོའི་བཟི་ཁ་ཆ་འགྲིག་རེད།།
ལས་དབང་རེད།
ཨ་འགྲིག་ཆ་འགྲིག་འཛོམས་པ་ཆ་འགྲིག་རེད།།
ཟུར་མིག་རྣོན་པོའི་སོ་ཁ་ཆ་འགྲིག་རེད།།
འཕྲད་པའི་སྐལ་བ་དུས་ཀྱི་གནང་བ་རེད།།
བྱམས་པ་ངེད་གཉིས་ལས་དབང་གཅིག་པ་རེད།།
ལས་དབང་རེད།།
ཨ་འགྲིག་ཆ་འགྲིག་འཕྲིན་པ་ཆ་འགྲིག་རེད།།
དུང་བ་ཟབ་པའི་དབྱངས་གསལ་ཆ་འགྲིག་རེད།།
བརྩེ་བའི་ཟུར་མིག་སྙིང་ལ་འཐོར་བ་ཡི།།
གཞས་ཆུང་ལེན་པའི་སྣང་བ་ཆ་འགྲིག་རེད།།
ལས་དབང་རེད།