作词 : 索东当
作曲 : 荣木普布次仁
སྣང་བའི་བརྐམ་ཆགས།
གླུ་ཚིག སོག་དུང་མདངས།
དབྱངས། རོང་མོ་ཕུར་བུ་ཚེ་རིང་།
ལེན་མཁན། རོང་མོ་ཕུར་བུ་ཚེ་རིང་།
གངས་རི་དཀར་པོ་ལ།
གངས་ལྷ་མེ་ཏོག་ཡོད།
གངས་ལྷ་མེ་ཏོག་འོ་བོད་པའི་བུ་མོ་རེད།
བོད་པའི་བུ་མོ་མཛངས་མ་ངོ་མ་འདྲ།
འོ་ཡེ་ཡེ་ཡེ་ སྟག་ཤར་ཡིད་ཀྱི་གངས་ལྷ་མེ་ཏོག་རེད།
མཐོ་པོའི་རྫ་ལུང་ལ།
བྲེ་སེར་འབྲོང་གཡག་ཡོད།
བྲེ་སེར་འབྲོང་གཡག་འོ་བོད་པའི་ཕོ་གསར་རེད།
བོད་པའི་ཕོ་གསར་དཔའ་མཛངས་ངོ་མ་འདྲ།
འོ་ཡེ་ཡེ་ཡེ་ ཁ་བའི་ཡུལ་ཀྱི་འབྲོང་གཡག་དར་མ་རེད།
རྒྱུད་དྲུག་དབྱངས་རྟ་རེ།
ཁུ་བྱུག་སྙན་འགྱུར་ཡོད།
ཁུ་བྱུག་སྙན་འགྱུར་འོ་བོད་ཀྱི་གླུ་དབྱངས་རེད།
བོད་ཀྱི་གླུ་དབྱངས་སྐད་ཀྱི་དྭངས་མ་འདྲ།