作词 : 赞森强布
作曲 : 荣木普布次仁
མི་ཚེའི་མཛེས་སྡུག།
ཚིག རྩམ་ཟན་འཁྱམ་པོ།
དབྱངས། རོང་མོ་ཕུར་བུ་ཚེ་རིང་།
ལེན་མཁན། རོང་མོ་ཕུར་བུ་ཚེ་རིང་།
མགོ་བོ་སྒུར་སྒུར་མ་གནང་།།
ནམ་མཁའ་ཐུགས་དོགས་མི་འདུག།
མཁའ་ལ་ཡོད་པའི་ཉི་ཟླ།།
འཇིག་རྟེན་འདི་ཡི་མིག་ཡིན།།
སེམས་ནས་བཞུར་བའི་རྨི་ལམ།།
ལུས་ལ་སིམ་པ་མེད་རུང་།།
ཤོག་ཐོག་བྲིས་པའི་གབ་ཚིག།
བླ་དང་སྲོག་ལ་འཐིམ་སོང་།།
འཇིག་རྟེན་མུན་ནག་མ་བསམ།།
འཁོར་བ་སྡུག་བསྔལ་མ་རློམ།།
འདོད་པས་བཞེངས་པའི་རྒྱལ་ཁམས།།
ཅི་འདྲའི་མཛེས་སྡུག་ལྡན་པ།།
འཕྲད་པའི་ཞལ་རས་སྣུམ་པ།།
བྲལ་བའི་རྒྱབ་གཟུགས་ལེགས་པ།།
མི་ཚེའི་ལམ་མདོ་དེ་རུ།
འཚོ་བའི་གཏམ་རྒྱུད་ལྷག་སོང་།།
དགའ་དུས་བགད་རྒྱུ་མང་ཞིང་། །
སྡུག་དུས་ངུ་རྒྱུ་མང་བའི། །
མི་ཚོགས་སེམས་ཀྱི་ཁ་དོག །
སྣ་ཁ་བརྒྱ་བརྒྱ་སྟོང་སྟོང་། །
ལོ་ཟླའི་རྒྱབ་ཀྱི་རྐང་རྗེས།།
དཔར་བའི་དྲན་རྟེན་མིན་ཡང་།།
ལན་ཆགས་མང་བའི་མི་ཚེ།།