作词 : 索东达
作曲 : 荣木普布次仁
བོད་པ་རེད།
གཞས་ཚིག སོག་དུང་མདངས།
གཞས་གདངས། རོང་མོ་ཕུར་བུ་ཚེ་རིང་།
གཞས་པ། རོང་མོ་ཕུར་བུ་ཚེ་རིང་།
དཀར་པོ་ཆོས་ལ་མོས་པའི་ཞིང་ཁམས་སུ།།
སྙིང་རྗེའི་རྩ་བ་ཡོད་པའི་མི་རིགས་ཡོད།།
ལས་འབྲས་བརྩི་སྲུང་ཅན་གྱི་མི་རིགས་ཡོད།།
དད་པ་སེམས་ལ་སྒོམ་པའི་བོད་པ་རེད།།
རིག་གཞུང་སྲོལ་བཟང་དར་བའི་མཐོ་སྒང་དུ།།
སྐད་ཡིག་ལྷག་བསམ་ཅན་གྱི་དགེ་རྒན་ཡོད།།
སྙིང་རུས་འབད་བརྩོན་ལྡན་པའི་སློབ་མ་ཡོད།།
རང་རིགས་སྲོག་ལས་སྲུང་བའི་བོད་པ་རེད།།
ལས་དང་བསོད་ནམས་ལྡན་པའི་མི་རིགས་ལ།
མི་ཚེའི་རིན་མཐོང་ཅན་གྱི་མེས་པོ་ཡོད།།
བྱམས་བརྩེ་ལྷག་བསམ་ཆེ་བའི་ཕ་མ་ཡོད།
མི་ལུས་དོན་ཡོད་བསྐྲུན་བའི་བོད་པ་རེད།།