作词 : 索童堂
作曲 : 荣木普布次仁
ཕ་ཡུལ་སོག་སྡེ།
ཚིག སོག་དུང་མདངས།
དབྱངས་ རོང་མོ་ཕུར་བུ་ཚེ་རིང་།
གླུ་བ་ རོང་མོ་ཕུར་བུ་ཚེ་རིང་།
རི་ལ་གངས་དཀར་བརྒྱན་པའི།
མཚོ་མོ་གཡུ་མདོག་བྱུག་འདྲ།
སྤངས་གཤོངས་གཡུ་ཡི་མེ་ལོང་།
དེ་ལ་ཕྱུགས་རིགས་འཛོམས་ཡོད།
ཡ་ལ་བསོ་་་་་་་ཕ་ཡུལ་དགའ་སོང་། ཕ་ཡུལ་སྐྱིད་སོང་།
ཕ་ཡུལ་སོག་སྡེའི་ལུང་པ།
བུ་ཆུང་ང་ཡི་ཕ་ཡུལ།
སོག་གི་བན་དགོན་བོན་དགོན།
ཉི་ཟླ་དགུང་ནས་འཛུམ་འདྲ།
གསེར་རྒྱན་ཟེར་མདངས་འོག་ནས།
ཤེས་བྱའི་ཐལ་ངག་བསྒྲགས་ས།
ཡ་ལ་བསོ་་་་་་་་་ཕ་ཡུལ་དགའ་སོང་། ཕ་ཡུལ་སྐྱིད་སོང་།
ཕ་ཡུལ་སོག་སྡེའི་ལུང་པ།
བུ་ཆུང་ང་ཡི་ཕ་ཡུལ་།
མི་རིགས་ལོ་རྒྱུས་བར་ནས།
དཔའ་བོའི་སྙན་གྲགས་རྒོད་ས།
བུ་རྟའི་དབུ་འཕང་མཐོ་ས།
སྡེ་བཞི་འཛོམས་པའི་ཞིང་ཁམས།
ཡ་ལ་བསོ་་་་་་་་་ཕ་ཡུལ་དགའ་སོང་། ཕ་ཡུལ་སྐྱིད་སོང་།
ཕ་ཡུལ་སོག་སྡེའི་ལུང་པ།
བུ་ཆུང་ང་ཡི་ཕ་ཡུལ་།