作词 : 外懂
作曲 : 不丹民歌
编曲 : 直孔贡次
སྐྱིད་མཉམ་རོལ། སྡུག་མཉམ་འཁུར།
ཚིག བེ་དུང་།
དབྱངས། འབྲུག་ཡུལ་དམངས་ཁྲོད།
མཉམ་ལེན། འབྲི་གུང་དཀོན་ཚེ་དང་ཚེ་རིང་ལྷ་སྐྱིད།
ས་རུབ་དུས་ཁྱོད་ནི་གཞིས་ཀའི་དཀར་མེ་ཡིན།
ནམ་ལངས་དུས་ཁྱོད་ནི་འཚོ་བའི་དྲོད་ཐིག་ཡིན།
ཕྱི་ལུས་པོ་ཁྱོད་དང་སོ་སོར་གནས་ན་ཡང་།
སེམས་གསོན་པོ་ཁྱོད་དང་གཏན་དུ་འབྲལ་མི་སྲིད།
ང་མ་ཤི་ཁྱོད་དང་མཉམ་དུ་འཚོ་ཐུབ་ན།
རྒྱུ་མེད་ཀྱང་བློ་འགྱོད་ཙམ་ཡང་ང་ལ་མེད།
གཏམ་མི་ཁས་མི་སེམས་བསད་ཀྱང་མཉམ་དུ་འགྲོ
གནམ་སྔོན་པོ་འགྱུར་ཡང་འུ་གཉིས་འབྲལ་མི་སྲིད།
ས་དོག་མོ་གས་ཀྱང་བརྩེ་བ་འགྱུར་མི་སྲིད།
ཡུལ་འཚོ་བའི་སྐྱིད་སྡུག་ལུས་ཀྱིས་འཁུར།
ཚེ་བསྐལ་བའི་ཉི་མ་ཁྱོད་དང་མཉམ་དུ་གཏོང་།
འདང་བརྩེ་བ་མི་འགྱུར་རྡོ་བརྐོས་རི་མོ་འདྲ།
སྐྱིད་མཉམ་དུ་རོལ། སྡུག་མཉམ་དུ་འཁུར།
ང་ཡི་སེམས་ཀྱི་བདག་པོ་ཁྱོད་ལས་མེད།
དགུན་བསླེབ་ཚེ་ཁྱོད་ནི་བརྩེ་བའི་མེ་རི་ཡིན།
དབྱར་བསླེབ་ཚེ་ཁྱོད་ནི་རྒྱབ་ཀྱི་ཆར་ལྭ་ཡིན།
མཐའ་མེད་པའི་འཁོར་བར་དཀའ་ཚེགས་ཆེ་ན་ཡང་།
སེམས་བྲོད་བྲོད་ངང་ནས་ཁྱོད་དང་མཉམ་དུ་འཚོ།
ཡིད་མཐུན་པའི་ཆུང་འདྲིས་སྙིང་གི་ཚིལ་ལུ་ཡིན།
ཁྱོད་མེད་ན་ལུས་ཀྱི་ཕྱི་ནང་སྟོང་བ་ཡིན།
ངའི་དམར་ཆུང་སྲོག་གི་ཕྱེད་ཀ་ཁྱེད་རང་ཡིན།
ལམ་འདི་ནས་འཕྲད་པ་འུ་གཉིས་ལས་དབང་ཡིན།
ལས་སྨོན་ལམ་བཟང་པོ་འུ་གཉིས་མཉམ་དུ་འདེབས།
སེམས་དགའ་བའི་མཛའ་གཞས་མཉམ་དུ་ལེན།
ཞེ་སྣང་བའི་བདུད་རྩི་འུ་གཉིས་གཙང་བཞེས་གནང་།
ཁྱོད་མེད་ན་འཇིག་རྟེན་ཉིན་མཚན་སྟོང་བ་རེད།
སྐྱིད་མཉམ་དུ་རོལ། སྡུག་མཉམ་དུ་འཁུར།
ང་ཡི་སེམས་ནང་ ཁྱོད་ལས་གཞན་ཡང་མེད།
- [ ]