作词 : 文藏罗桑
作曲 : 民间
ཕུགས་བསམ་གྱི་གཤོག་པ།
ཚིག བན་ཚང་བློ་བཟང་།
དབྱངས། བལ་པོའི་དམངས་གཞས།
ལེན་མཁན། འབྲི་གུང་དཀོན་ཚེ།
བསམ་པ་དཀར་པོའི་སྙིང་གཏམ་ཞིག་སྙན་སེ་སྙན།
དུང་བ་ཟབ་མོའི་ཁ་བརྡ་ཞིག་ཤུབ་སེ་ཤུབ།
ཁྱེད་ཀྱི་སྐད་ཆའི་རྒྱབ་ལྗོངས་ནས།
བསམ་པ་དཀར་པོའི་སྙིང་གཏམ་ཞིག་སྙན་སེ་སྙན།
དུང་བ་ཟབ་མོའི་ཁ་བརྡ་ཞིག་ཤུབ་སེ་ཤུབ།
ཁྱེད་ཀྱི་སྐད་ཆའི་རྒྱབ་ལྗོངས་ནས།
ལོ་དང་ཟླ་བའི་ལོ་རྒྱུས་འདི།
དེ་རིང་ངག་གིས་གླུ་རུ་བླངས།
དེ་རིང་མགྲིན་པས་དབྱངས་སུ་བཀུག
སེམས་པ་ཡི་གསང་བ་གཏོར།
ལོ་དང་ཟླ་བའི་ལོ་རྒྱུས་འདི།
དེ་རིང་ངག་གིས་གླུ་རུ་བླངས།
དེ་རིང་མགྲིན་པས་དབྱངས་སུ་བཀུག
སེམས་པ་ཡི་གསང་བ་གཏོར།
དེ་རིང་མགྲིན་པས་དབྱངས་སུ་བཀུག
སེམས་པ་ཡི་གསང་བ་གཏོར།
སྐལ་པ་བཟང་པོའི་དུས་ཚོད་འདི་དམ་དུ་འཛིན།
སྐྱེས་རྒྱུད་བཟང་པོའི་ལུས་རྟེན་འདི་སྔོན་དུ་ཆས།
ཁྱེད་དང་འུ་གཉིས་བགྲོད་ལམ་ཡངས།
སྐལ་པ་བཟང་པོའི་དུས་ཚོད་འདི་དམ་དུ་འཛིན།
སྐྱེས་རྒྱུད་བཟང་པོའི་ལུས་རྟེན་འདི་སྔོན་དུ་ཆས།
ཁྱེད་དང་འུ་གཉིས་བགྲོད་ལམ་ཡངས།
འཛམ་བུ་གླིང་གི་ཡང་རྩེ་ནས།
དེ་རིང་ལྷན་དུ་རྒྱང་ལ་བལྟ།
དེ་རིང་མཉམ་དུ་སྨོན་ལམ་བརྒྱག
ལྷོད་མེད་ཀྱི་འབད་པས་བརྩོན།
འཛམ་བུ་གླིང་གི་ཡང་རྩེ་ནས།
དེ་རིང་ལྷན་དུ་རྒྱང་ལ་བལྟ།
དེ་རིང་མཉམ་དུ་སྨོན་ལམ་བརྒྱག
ལྷོད་མེད་ཀྱི་འབད་པས་བརྩོན།
དེ་རིང་མཉམ་དུ་སྨོན་ལམ་བརྒྱག
ལྷོད་མེད་ཀྱི་འབད་པས་བརྩོན།
མི་ཚེའི་རྨི་ལམ་རབ་རིབ་འདི་དགའ་ལྷང་ལྷང་།
དགའ་སྐྱོའི་འཚོ་བ་ཁྲ་ཁྲ་འདི་དྭངས་སང་སང་།
ཁྱེད་དང་ང་ཡི་ཕུགས་བསམ་རིང་།
མི་ཚེའི་རྨི་ལམ་རབ་རིབ་འདི་དགའ་ལྷང་ལྷང་།
དགའ་སྐྱོའི་འཚོ་བ་ཁྲ་ཁྲ་འདི་དྭངས་སང་སང་།
ཁྱེད་དང་ང་ཡི་ཕུགས་བསམ་རིང་།
ངོ་མཚར་འཇིག་རྟེན་གྲུ་ག་འདིར།
དེ་རིང་མདུན་བསྐྱོད་གཤོག་པ་བརྐྱངས།
དེ་རིང་སྤོབས་པས་རྒྱལ་ཁམས་བསྐོར།
བསམ་དོན་དེ་ལྷུན་གྱིས་འགྲུབ།
ངོ་མཚར་འཇིག་རྟེན་གྲུ་ག་འདིར།
དེ་རིང་མདུན་བསྐྱོད་གཤོག་པ་བརྐྱངས།
དེ་རིང་སྤོབས་པས་རྒྱལ་ཁམས་བསྐོར།
བསམ་དོན་དེ་ལྷུན་གྱིས་འགྲུབ།
དེ་རིང་སྤོབས་པས་རྒྱལ་ཁམས་བསྐོར།
བསམ་དོན་དེ་ལྷུན་གྱིས་འགྲུབ།