作曲 : 不丹民歌
འཇིག་རྟེན་གསུམ་གྱི་མགོན་པོ།
ཚིག འབྲི་ཕྲུག
དབྱངས། འབྲུག་པའི་དམངས་གཞས།
གཞས་པ། འབྲི་གུང་དཀོན་ཚེ།
སྐལ་བ་བཟང་སོང་།
དབུས་སྟོད་འབྲི་གུང་ཡུལ་དུ།
བྱོན་པ་ལེགས་སོ། །
གདན་ས་འོག་མིན་བྱང་ཆུབ་གླིང་།
ཞུགས་པར་དགའ་འོ། །
འཇིག་རྟེན་གསུམ་གྱི་མགོན་པོ་ལགས།
དེ་རིང་སྐྱིད་དོ། །
ཟབ་རྒྱས་ཆོས་ཀྱི་སྦྲང་ཆར་བབས་སོང་།
ཞུགས་པར་དགའ་འོ། །
འཇིག་རྟེན་གསུམ་གྱི་མགོན་པོ་ལགས།
མདོ་རྒྱུད་རིན་ཆེན་ནོར་བུའི་གཞུང་ལུགས་ནས། །
ཡང་ཡང་ལུང་གིས་ཟིན་པའི་རྒྱལ་ཚབ་རྗེ། །
འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་གུང་པ། །
མདོ་སྔགས་བསྟན་པའི་ཤིང་རྟ་ཆེན་པོ་ལགས། །
སྐལ་བ་བཟང་སོང་།
དབུས་སྟོད་འབྲི་གུང་ཡུལ་དུ།
བྱོན་པ་ལེགས་སོ། །
གདན་ས་འོག་མིན་བྱང་ཆུབ་གླིང་།
ཞུགས་པར་དགའ་འོ། །
འཇིག་རྟེན་གསུམ་གྱི་མགོན་པོ་ལགས།
སྟོན་པའི་སྤྱན་སྔར་དགྲ་བཅོམ་ལི་ཙ་བ། །
ལྷོ་ཕྱོགས་ཡུལ་དུ་ཤིང་རྟ་ཆེན་པོ་ལགས། །
ཁ་བ་ཅན་དུ་མཉམ་མེད་རིན་ཆེན་དཔལ། །
ཁམས་གསུམ་འགྲོ་བའི་མགོན་པོ་འབྲི་གུང་པ། །
སྐལ་བ་བཟང་སོང་།
དབུས་སྟོད་འབྲི་གུང་ཡུལ་དུ།
བྱོན་པ་ལེགས་སོ། །
གདན་ས་འོག་མིན་བྱང་ཆུབ་གླིང་།
ཞུགས་པར་དགའ་འོ། །
འཇིག་རྟེན་གསུམ་གྱི་མགོན་པོ་ལགས།
འགྲོ་བའི་མགོན་པོ་ཕག་མོ་གྲུ་པ་སོགས། །
མཉེས་པ་གསུམ་གྱིས་ལེགས་པར་བསྟན་གྱུར་ནས། །
བྱིན་ཅན་གནས་མཆོག་ཨེ་ཆུང་ཕུག་པ་རུ། །
འཁོར་འདས་གཉིས་མེད་གནས་ལུགས་ཡོངས་སུ་རྫོགས། །
སྐལ་བ་བཟང་སོང་།
དབུས་སྟོད་འབྲི་གུང་ཡུལ་དུ།
བྱོན་པ་ལེགས་སོ། །
གདན་ས་འོག་མིན་བྱང་ཆུབ་གླིང་།
ཞུགས་པར་དགའ་འོ། །
འཇིག་རྟེན་གསུམ་གྱི་མགོན་པོ་ལགས།
མདོ་རྒྱུད་རིག་གཞུང་མ་ལུས་ཐུགས་སུ་མངའ་བའི་མཁས་མཆོག་དེ། །
འཁོར་བ་རྒྱ་མཚོ་ཞིང་ནས་འདྲེན་པའི་དེད་དཔོན་ཆེན་པོ་ལགས། །
དྭགས་བརྒྱུད་བསྟན་པའི་མངའ་བདག་འཇིག་རྟེན་གསུམ་གྱི་མགོན་པོ་ཁྱེད། །
ཚེ་རབ་ཀུན་ཏུ་བདག་གི་དྲིན་ཅན་བླ་མ་དམ་པ་ལགས། །
བླ་མ་ལགས་ཡ་བླ་མ་འཇིག་རྟེན་གསུམ་གྱི་མགོན་པོ་ལགས། །
བླ་མ་ལགས་ཡ་བླ་མ་འཇིག་རྟེན་གསུམ་གྱི་མགོན་པོ་ལགས། །