编曲 : 直孔贡次
ཁྱོད་གིས་བརྩེ་དུང་སུ་ལ་སྤྲོད།
ཚིག ངག་དབང་འགྱུར་མེད།
དབྱངས། ལོ་མོ།
ལེན་མཁན། འབྲི་གུང་དཀོན་ཚེ།
མཁ་བྲལ་བའི་ཉིན་མོ་དེ་ནས་སེམས་པ་མ་སྐྱིད།
ཁྱོད་ངེད་གཉིས་བརྩེ་བའི་དམ་བཅའ་ནམ་ཡང་བརྗེད་མ་མྱོང་།
སྔོན་མ་ཡི་བཤད་པའི་སྐད་ཆ་དེང་སང་ཁྱོད་ཀྱིས་བརྗེད་མེད་འགྲོ།
བརྩེ་བ་དེ་ང་ལ་སྤྲད་ནས་མི་ཚེ་མཉམ་དུ་བསྐྱལ་ཟེར།
ཁྱོད་བཤད་མྱོང་ངས་ཉན་མྱོང་བརྩེ་བ་ཡང་སྤྲད་མྱོང་།
བརྩེ་བ་ཡི་རི་མོ་ཡལ་ནས་སེམས་ལ་རྨ་ཁ་བཟོས་སོང་།
ཁྱོད་རང་གིས་བཅངས་བའི་བརྩེ་བ་ད་ནི་ང་ལ་མི་དགོས།
ཁྱོད་འདྲ་བའི་མི་ལ་ད་ནི་ང་ཡིད་མི་ཆེས།
ཁྱོད་ཀྱིས་བརྩེ་བ་སུ་ལ་སྤྲོད། བུ་ཆུང་ང་ལ་གསུངས་དང་།
ཁྱོད་རང་ལ་དབང་པའི་བརྩེ་དུང་དེ་ཁྱོད་དང་མཉམ་དུ་སོང་།
ཁྱོད་ཀྱི་བརྩེ་བ་སུ་ལ་སྤྲོད། བརྩེ་བ་རྫུན་མ་ང་མི་དགོས།
ང་དང་འདྲ་བའི་བུ་ཆུང་ཐུགས་ན་དེ་མགོ་བསྐོར་མ་གཏོང་རོགས།
ཁྱོད་ཀྱི་བརྩེ་བ་སུ་ལ་སྤྲོད། འགྱོད་པ་སྐྱེ་ཨེ་མྱོང་།
ཁྱོད་ལ་དགའ་བའི་བུ་ཆུང་དེ་མགོ་བསྐོར་མ་བཏོང་རོགས།
ཁྱོད་ཀྱི་བརྩེ་བ་སུ་ལ་སྤྲོད། བརྩེ་བ་རྫུན་མ་ང་མི་དགོས།
ཁྱོད་རང་ལ་དབང་བའི་བརྩེ་དུང་དེ་ཁྱེད་དང་མཉམ་དུ་སོང་།
ཁྱོད་བཤད་མྱོང་ངས་ཉན་མྱོང་བརྩེ་བ་ཡང་སྤྲད་མྱོང་།
བརྩེ་བ་ཡི་རི་མོ་ཡལ་ནས་སེམས་ལ་རྨ་ཁ་བཟོས་སོང་།
ཁྱོད་རང་གིས་བཅངས་བའི་བརྩེ་བ་ད་ནི་ང་ལ་མི་དགོས།
ཁྱོད་འདྲ་བའི་མི་ལ་ད་ནི་ང་ཡིད་མི་ཆེས།
ཁྱོད་ཀྱི་བརྩེ་བ་སུ་ལ་སྤྲོད། བུ་ཆུང་ང་ལ་གསུངས་དང་།
ཁྱོད་དང་རང་ལ་དབང་པའི་བརྩེ་དུང་དེ་ཁྱོད་དང་མཉམ་དུ་སོང་།
ཁྱོད་ཀྱི་བརྩེ་དུང་སུ་ལ་སྤྲོད། བརྩེ་དུང་རྫུན་མ་ང་མི་དགོས།