作词 : 外懂
作曲 : 罗塞
༼སེམས་ཀྱི་གསང་འཕྲིན།༽
གདྭངས། བློ་གསལ།
གླུ་བ། འབྲི་གུང་དཀོན་ཚེ།
ཚིག བེ་དུང་གིས་བརྩམས།
ལས་ཀྱི་ལམ་ཐག་ཟེར་བ་རྒྱང་རིང་ཡིན།
སེམས་ཀྱི་བར་ཐག་ཟེར་བ་ཐག་ཉེ་ཡིན།
ཡིན་ཡང་རང་རང་སེམས་ནས་ཡིད་ཆེས་དགོས།
བརྩེ་འདང་འོ་མའི་རྒྱ་མཚོ་སྐམ་གི་མེད།
ལས་དབང་གི་མི། ཐུག་དཀའ་བའི་མི།
འགྲོ་སའི་ལམ་དེ་ཁ་ཁ་ཡིན་རུང་ཆོག
དམར་ཆུང་སེམས་པ་གཅིག་ལ་འདྲེས་ནས་ཡོད།
དྲན་པའི་ཉིན་ཞག་ཟེར་བ་ཆོད་ཀི་མེད།
འཕྲད་པའི་དུས་ཚོད་ཟེར་བ་རྙེད་ཀི་མེད།
ཡིན་ཡང་རང་རང་སེམས་ནས་ཁྲེལ་གཞུང་དགོས།
དུང་སེམས་གཙང་མའི་མེ་ཏོག་འཐོར་གི་མེད།
ལས་དབང་གི་མི། སྙིང་ཁོང་གི་མི།
འདུག་སའི་གནས་དེ་སོ་སོ་ཡིན་ཡང་ཆོག
ང་ཡི་སེམས་པ་ཁྱོད་ལ་འགྲོགས་ནས་ཡོད།
ཚེ་གཅིག་ལས་དབང་ཟེར་བ་ཁྱེད་ལ་བཅོལ།
ཐོད་པའི་ཁ་ཡིག་ཟེར་བ་ཁྱེད་ལ་འབྲི།
ཡིན་ཡང་རང་རང་སེམས་ནས་གཏན་ཚིགས་དགོས།
ཕྱི་ཐག་གསེར་གྱི་དར་སྐུད་ལྷོད་ཀི་མེད།
ལས་དབང་གི་མི། རེ་སྒུག་གི་མི།
འགྲོ་འདུག་བར་ནས་རང་རང་གྱེས་ཀྱང་ཆོག