作词 : 群桑
作曲 : 昂青冷智
编曲 : 昂青冷智
དབྱར་མེ་ཏེག་བཞད་པའི་ཐང་དཀྱིལ་ན།
འབྲི་ཐུལ་མ་མང་པོ་སྦྲ་ལ་འཁོར།
སྦྲ་མཐིང་སྨུག་གུར་སྒོ་ཤར་ལ་བརྒྱངས།
མ་བཟང་མོ་ཞིག་གི་རུམ་ཁོང་འདྲ།
དགུན་བུ་ཡུག་འཚུབ་པའི་ཐང་སྟོང་ན།
རྟ་འདོ་བ་མང་པོ་སྤྲ་ལ་འཁོར།
སྦྲ་ཐང་སྨུག་གུར་སྒོ་ལྷོ་ལ་གཏད།
ཕ་རྒོད་པོ་ཞིག་གི་བྲང་ཁོག་འདྲ།
ཨོ་ཧོ སྦྲ་ནག དྲོད་་བརྩེ་བ་གཉིས་ཀ་དེ་ལ་འཁྱིལ།
ཨོ་ཧོ སྦྲ་ནག དཔའ་བློ་རིག་གཉིས་ཀ་དེ་ལ་འཛོམས།
དབྱར་མེ་ཏེག་བཞད་པའི་ཐང་དཀྱིལ་ན།
འབྲི་ཐུལ་མ་མང་པོ་སྦྲ་ལ་འཁོར།
སྦྲ་མཐིང་སྨུག་གུར་སྒོ་ཤར་ལ་བརྒྱངས།
མ་བཟང་མོ་ཞིག་གི་རུམ་ཁོང་འདྲ།
དགུན་བུ་ཡུག་འཚུབ་པའི་ཐང་སྟོང་ན།
རྟ་འདོ་བ་མང་པོ་སྤྲ་ལ་འཁོར།
སྦྲ་ཐང་སྨུག་གུར་སྒོ་ལྷོ་ལ་གཏད།
ཕ་རྒོད་པོ་ཞིག་གི་བྲང་ཁོག་འདྲ།
ཨོ་ཧོ སྦྲ་ནག དྲོད་་བརྩེ་བ་གཉིས་ཀ་དེ་ལ་འཁྱིལ།
ཨོ་ཧོ སྦྲ་ནག དཔའ་བློ་རིག་གཉིས་ཀ་དེ་ལ་འཛོམས།