དྲན་པའི་རྒྱང་འབོད་རིང་མོ།
གླུ་ཚིག ཨ་ནུ་མེ་ལྕེ། ལོ་ཙཱ། ཨ་ནུ་མེ་ལྕེ།
དབྱངས་རྟ། ཀུན་དགའ་བསྟན་འཛིན།
ལེན་མཁན། འབའ་བཟའ་ཀླུ་མོ་མཚོ།
སྒྲ་ལེན་པ། རིན་ཆེན་དོན་གྲུབ།
གླུ་འཇོག་མཁན།གཟེ་མ་ར་མགོ་རོལ་དབྱངས་ལས་སྒྲུབ་ཁང་།
སྟོན་གསུམ་རླུང་བུ་སེམས་ལ་གཡུག་ན།།
སེམས་ཀྱི་སྡོང་ལོ་ས་ལ་འཐོར་འགྲོ།།
སེམས་ཀྱི་ཉི་མ་ཡིད་བཞིན་ནོར་བུ།།
བདེ་ཆེན་ཞིང་ནས་ཕྱིར་ལ་ཕེབས་ཤོག།
དད་པའི་མིག་ཆུ་གཏོང་བཞིན།
སྐྱབས་རྗེ་འཇིགས་མེད་ཕུན་ཚོགས་འབོད་དོ།།
ཚེ་རབས་ཀུན་ཏུ་ཁྱེད་ལས་སྐྱབས་གནས་ང་ལ་མེད།
ང་ཡི་དྲིན་ཆེན་བླ་མ།
རྨི་ལམ་དེ་ནམ་ཡང་སད་རྒྱུ་མེད་ན།
ཐུགས་རྗེ་བྱིན་རླབས་མ་ཆུང་།
ཁྱེད་ཀྱི་ཞལ་རས་མཇལ་བར་བསྒུག་ཡོད།
Music~
དགུན་གསུམ་ཁ་བ་སེམས་ལ་བབ་ན།།
སེམས་ཀྱི་ས་གཞི་འཁྱག་པས་བཟུང་འགྲོ།།
སེམས་ཀྱི་ཟླ་བ་གཏེར་ཆེན་བླ་མ།།
དཔལ་གྱི་རི་ནས་ཕྱིར་ལ་ཕེབས་ཤོག།
དྲན་པས་ངུ་འབོད་བྱེད་བཞིན།
གཏེར་རྒན་འཇིགས་མེད་འོད་གསལ་འབོད་དོ།།
འདི་ཕྱི་བར་དོར་ཁྱེད་ལས་རེ་ས་ང་ལ་མེད།
ང་ཡི་དྲིན་ཆེན་བླ་མ།
རྨི་ལམ་དེ་འཁྲུལ་མེད་བདེན་པ་ཡིན་ན།
བརྩེ་བས་རྗེས་སུ་ཟུངས་ཤིག
ཁྱེད་ཀྱི་ཞལ་གསུང་ཐོས་པར་བསྒུག་ཡོད།