作词 : 措雅
作曲 : 民间
编曲 : 瓜尔阿索
སྒྲ་ལེན་པ། རིན་ཆེན་དོན་འགྲུབ
བརྙན་ལེན་པ། རི་སྔོན་ཀླུ་འབུམ་བཀྲ་ཤིས།
ལྷ་སའི་བར་སྐོར་གླིང་ནས།
བསྐོར་བ་ལན་གསུམ་རྒྱག་དུས།
ཉི་མ་ལྷ་སའི་གླིང་ནས།
ཁྱེད་ཀྱི་ཞལ་རས་མཇལ་ན་བསམ་བྱུང་།
ཁྱེད་ནི་བརྩེ་བའི་ཕ་ཡིན།
ཁྱེད་ནི་བྱམས་པའི་མ་ཡིན།
ཁྱེད་ནི་སེམས་ཀྱི་ལྷ་ཡིན།
ཁྱེད་ནི་གཙུག་གི་ནོར་ཡིན།
ཨོ་ཧོ། ཨོ་ཧོ།
solo
པོ་ཏ་ལ་ཡི་མདུན་ནས།
གུས་ཕྱག་ལན་གསུམ་འཚལ་དུས།
སྐྱིད་པོ་ནོར་བུ་གླིང་ལ།
མཉམ་འཛོམས་བྱུང་རྒྱུ་ཡོད་ན་བསམ་བྱུང་།
དྲན་པ་ཉིན་དང་མཚན་ཡིན།
གསང་བ་མིག་གི་ཆུ་ཡིན།
བརྩེ་བ་རྒྱ་མཚོའི་གཏིང་ཡིན།
མི་འགྱུར་རྡོ་རྗེ་བྲག་ཡིན།
ཨོ་ཧོ། ཨོ་ཧོ།