作词 : 巴萨·李毛措
作曲 : 民间
ཉི་མ་རི་ལ་ཡལ་སོང་།
ཟླ་བ་མཁའ་ལ་འཕགས་སོང་།
ཟླ་བའི་དཀྱིལ་འཁོར་མཐོང་དུས།
ཨ་མའི་ཞལ་རས་དྲན་བྱུང་།
music...
རི་མགོ་ཁ་བའི་གཡོགས་སོང་།
རྨ་ཆུར་འགྲམ་དར་ཆགས་སོང་།
གྲང་ངར་ཆེ་བའི་དུས་སུ།
ཨ་མའི་ལྷག་བསམ་དྲན་བྱུང་།
music..
དྲིན་ཆེན་ཨ་མའི་དྲིན་ལན་།
རྒྱུད་དྲུག་དབྱངས་ལ་བཀུགས་ཡོད་།
ཁ་བ་གངས་རིའི་ལྗོངས་ནས།
ཨ་མའི་སྐུ་ཚེ་བརྟན་ཤོག།