作词 : 东日慕塔
作曲 : 三智才让
ངས་ཁ་བའི་ལྗོངས་ལ་གླུ་ཞིག་ལེན།།
ལྷ་བླ་མས་ཐུགས་རྗེས་བོད་ལ་གཟིགས།།
བོད་འབངས་མིས་སྐྱབས་གནས་སྤྱི་བོར་བཀུར།།
ཆོས་བསྟན་པ་དར་བའི་རྟེན་འབྲེལ་ཡག།
དུས་ནམ་ཡང་མི་ཉམས་བཀྲ་ཤིས་ཤོག།
ངས་ཁ་བའི་ལྗོངས་ལ་གླུ་ཞིག་ལེན།།
རྗེ་ཐོན་མིས་དབྱངས་གསལ་བོད་ལ་དྲངས།།
བོད་ཁ་བས་སྐད་ཡིག་བརྩི་སྲུང་བྱས།།
ཆོས་རིག་གཞུང་འཕེལ་བའི་རྟེན་འབྲེལ་ཡག།
དུས་ནམ་ཡང་མི་ཉམས་བཀྲ་ཤིས་ཤོག།
ངས་ཁ་བའི་ལྗོངས་ལ་གླུ་ཞིག་ལེན།།
ཕ་མེས་པོས་སྲོལ་བཟང་བོད་ལ་གནང་།།
བོད་ཁ་བས་ལུགས་སྲོལ་སྲོག་ལྟར་བཟུང་།།
སྲོལ་ཆ་ལུགས་སྒྲིག་པའི་རྟེན་འབྲེལ་ཡག།
དུས་ནམ་ཡང་མི་ཉམས་བཀྲ་ཤིས་ཤོག།