编曲 : 才让先
ལོ་ལྷ་གཉན་པོས་སྲུངས།
ཚིག ཁྱུང་བཟང་།
དབྱངས།བསེ་ཨ་མའི་བུ།
སྟོད་ཀྱི་གངས་དཀར་ཏི་སེ་སེང་གེ་དཀར་མོའི་གནས།།
བར་གྱི་ཕོ་བྲང་ཁྲི་རྩེ་མི་རྗེ་བཙན་པོའི་མཁར།།
སྨད་ཀྱི་མཚོ་སྙིང་མ་ཧཱ་མཁའ་འགྲོ་འདུ་བའི་ཡུལ།།
གངས་ལྗོངས་སྣོད་ཀྱི་དགེ་མཚན་ལོ་ལྷ་གཉན་པོས་སྲུངས།།
གོང་གི་དགེ་བའི་བཤེས་གཉེན་བཀའ་དང་གདམས་པའི་མཛོད།།
བར་གྱི་སྐལ་ལྡན་སློབ་བུ་བློ་དང་ཐོས་པའི་རྒྱན།།
འོག་གི་རོང་འབྲོག་མང་ཚོགས་དཔལ་ཡོན་སྤེལ་བའི་གཉེན།།
གངས་རིའི་ནང་གི་ཕྱྭ་གཡང་ལོ་ལྷ་གཉན་པོས་སྲུངས།།
ཕུགས་ཀྱི་སྐད་དང་ཡི་གེ་འདི་ཕྱི་དགེ་བའི་ནོར།།
བར་གྱི་གསུང་རབ་བསྟན་བཅོས་ཕུན་ཚོགས་རིག་བའི་བཅུད།།
མདའ་ཡི་སྲོལ་བཟང་གཤིས་ལུགས་ཡིན་རིང་འཚོ་བའི་རྟེན།།
གངས་ཅན་མེས་པོའི་གཅེས་ནོར་ལོ་ལྷ་གཉན་པོས་སྲུངས།།