作词 : 岗特
作曲 : 旦增加
编曲 : 谢尔巴
ནམ་ཞིག་འགྱོད་དུས་མི་ཚེ་ཚར་ནི་རེད།
ཚིག་རྩོམ་མཁན། གངས་ཐིགས།
ལས་ཀྱི་མི་ཚེ་མར་མེ་རྐོང་བུ་གང་། །
ནམ་ཞིག་གཟིམས་འགྲོ་ངེས་གཏན་ཆ་མེད་རེད། །
དྲིན་ཆེན་ཕ་མ་གཅེས་ཤེས་སྐྱོང་ཤེས་བྱོས། །
ཚིག་རྩུབ་སྐད་ཆའི་མྱི་སེམས་མི་གསོད་རོགས། །
ནམ་ཞིག་འགྱོད་དུས་མི་ཚེ་ཚར་ནི་རེད། །
མི་ལུས་གཡར་མ་མེ་ཏོག་པད་མའི་དཔེ། །
སད་དང་བསེར་བའི་ནམ་བཅོམ་ཆ་མེད་རེད། །
གཉེན་དང་ནང་མིར་འགྲིག་ནི་མཐུན་ནི་བྱོས། །
ཕན་ཚུན་བར་ལ་ཁ་ཁོག་མི་འཛིན་རོགས། །
ནམ་ཞིག་འགྱོད་དུས་མི་ཚེ་ཚར་ནི་རེད། །
འཇིག་རྟེན་མི་རྟག་འཁོར་བའི་སྒྱུ་མའི་གྲོང་། །
ང་ཚོ་ཚང་མ་འཁོར་བའི་མགྲོན་པོ་རེད། །
གྲོགས་དང་ན་ཟླར་ཕྱི་ཐག་རིང་ནི་བྱོས། །
རང་ཚུགས་བརྟན་པའི་དམ་བཅའ་མི་འགྱུར་རོགས། །
ནམ་ཞིག་འགྱོད་དུས་མི་ཚེ་ཚར་ནི་རེད། །