作词 : 才让先
作曲 : 才让先
编曲 : 才让先
歌手:南措
ཤར་ཕྱོགས་ལྷུན་པོའི་གཙུགས་ནས།
དཀར་གསལ་དུང་གི་ཟླ་བ།
ཨ་སྔོན་དབྱིངས་ལ་འཕགས་བྱུང་།
པཎ་ཆེན་ལགས།
སྣང་བ་མཐའ་ཡས།
ཟླ་བ་ཁྱེད་སྐུ་ཡིན་ན།
གུས་ཕྱག་ལན་གསུམ་འཚལ་ཡོང་།
གུས་ཕྱག་ལན་གསུམ་འཚལ་ཡོང་།
པཎ་ཆེན་ལགས།
སྣང་བ་མཐའ་ཡས།
ཟླ་བ་ཁྱེད་སྐུ་ཡིན་ན།
གུས་ཕྱག་ལན་གསུམ་འཚལ་ཡོང་།
གུས་ཕྱག་ལན་གསུམ་འཚལ་ཡོང་།
ནུབ་རི་ལྷུན་པོའི་ཀླད་ནས།
གཡུ་ཡི་ཁུ་བྱུག་སྔོན་མོས།
དྲུག་འགྱུར་དབྱངས་ལ་གྱེར་བྱུང་།
པཎ་ཆེན་ལགས།
སྣང་བ་མཐའ་ཡས།
རྡོ་རྗེ་མགུར་མ་ཡིན་ན།
རྣམ་དག་སེམས་ཀྱིས་ཉན་ཡོང་།
རྣམ་དག་སེམས་ཀྱིས་ཉན་ཡོང་།
པཎ་ཆེན་ལགས།
སྣང་བ་མཐའ་ཡས།
རྡོ་རྗེ་མགུར་མ་ཡིན་ན།
རྣམ་དག་སེམས་ཀྱིས་ཉན་ཡོང་།
རྣམ་དག་སེམས་ཀྱིས་ཉན་ཡོང་།
རྒྱལ་ཀུན་སྙིང་རྗེའི་རང་གཟུགས།
རིགས་དྲུག་ཀུན་གྱི་སྐྱབས་གནས།
གངས་ཅན་འགྲོ་བའི་མགོན་པོ།
པཎ་ཆེན་ལགས།
སྣང་བ་མཐའ་ཡས།
མི་མངོན་ཞི་བའི་དབྱིངས་ནས།
བདག་ཅག་དགོན་དུ་ཕེབས་ཤོག།
བདག་ཅག་དགོན་དུ་ཕེབས་ཤོག།
པཎ་ཆེན་ལགས།
སྣང་བ་མཐའ་ཡས།
མི་མངོན་ཞི་བའི་དབྱིངས་ནས།
བདག་ཅག་དགོན་དུ་ཕེབས་ཤོག།
བདག་ཅག་དགོན་དུ་ཕེབས་ཤོག།
བདག་ཅག་དགོན་དུ་ཕེབས་ཤོག།
བདག་ཅག་དགོན་དུ་ཕེབས་ཤོག།
བདག་ཅག་དགོན་དུ་ཕེབས་ཤོག།
བདག་ཅག་དགོན་དུ་ཕེབས་ཤོག།