作词 : 才让先
作曲 : 才让先
编曲 : 才让先
སྦྲ་ནག་ལགས།
ཚིག ཆུ་བ་དབང་ཕྱུག
དབྱངས། རྨ་གླིང་ལྷུན་གྲུབ།
སྦྲ་ནག་ཡ་་་་སྦྲ་ནག་་་་་
ངའི་ཕ་ཁྱིམ་སྨུག་པོ།
ཁྱེད་ཀྱི་ཕུགས་ནས་དཔའ་བོའི་བུ་རྒྱུད་འཁྲུངས།
ཁྱེད་ཀྱི་ཕུགས་ནས་ཡ་རབས་མཛངས་མ་འཁྲུངས།
སྦྲ་ནག་ཡ་་་་སྦྲ་ནག་ལགས་་་་་
ངའི་ཕ་ཁྱིམ་སྨུག་པོ་སྦྲ་ནག་ལགས།
སྦྲ་ནག་ཡ་་་་སྦྲ་ནག་་་་་
ངའི་ཕ་ཁྱིམ་སྨུག་པོ།
ཁྱེད་ཀྱི་མཐའ་འཁོར་རྟ་ནོར་ལུག་གིས་བསྐོར།
ཁྱེད་ཀྱི་སྒོ་འགྲམ་དོམ་ནག་ཁྱི་ཡིས་བསྲུངས།
སྦྲ་ནག་ཡ་སྦྲ་ནག་ལགས།
ངའི་ཕ་ཁྱིམ་སྨུག་པོ་སྦྲ་ནག་ལགས།
དགོ་་་་་་་་དགོ་་་་་་་་
སྦྲ་ནག་ཡ་་་་སྦྲ་ནག་་་་་
ངའི་ཕ་ཁྱིམ་སྨུག་པོ།
ཁྱེད་ཀྱི་འདབས་མ་ས་ཆེན་ཁྱོན་ལ་ཁེངས།
ཁྱེད་ཀྱི་སྙན་པ་གོ་ལའི་རྩེ་ལ་འཕུར།
སྦྲ་ནག་ཡ་་་་སྦྲ་ནག་ལགས་་་་་
ངའི་ཕ་ཁྱིམ་སྨུག་པོ་སྦྲ་ནག་ལགས།
སྦྲ་ནག་ཡ་་་་སྦྲ་ནག་ལགས་་་་་
ངའི་ཕ་ཁྱིམ་སྨུག་པོ་སྦྲ་ནག་ལགས།
སྦྲ་ནག་ཡ་་་་སྦྲ་ནག་ལགས་་་་་
ངའི་ཕ་ཁྱིམ་སྨུག་པོ་སྦྲ་ནག་ལགས།