作曲 : 扎西巴登
编曲 : 扎西巴登/极地音符发布
ཕ་བཟང་བུ།
གཞས་ཚིག །བཀྲ་ཤིས་སེངྒེ།
དབྱངས། བཀྲ་ཤིས་དཔལ་ལྡན།
གཞས་པ། བཀྲ་ཤིས་དཔལ་ལྡན།
དྲྭ་ལམ་སྒྲིག་བཟོ། མཐོ་སྒང་གི་དབྱངས་རྟ།
ཤ་རུས་པ་གཅིག་པའི་སྤུན་ཟླ་ཚོ།།
ནང་ཕུ་ནུའི་དུང་བ་རང་འགྲུབ་རེད།།
གཡོ་སྒྱུ་མས་བསླུ་བྲིད་མ་གཏོང་ན།།
ནང་ཕུ་ནུའི་དུང་བ་ཉམས་རབས་མེད།།
ཨ་རོག་སྤུན་ཟླ་ཚོ།
སེམས་བསམ་བློ་ཡོད་པའི་བུ་ཡིན་ན།།
རྫུན་གཡོ་སྒྱུ་མ་འཁྲབ་ཕ་བཟང་བུ།།
སྡེ་གཅིག་ལ་ཚོགས་པའི་ན་ཟླ་ཚོ།།
གྲོགས་ན་ཟླའི་དཔུང་གདང་རང་འགྲིག་རེད།།
མི་ངན་པས་དཀྲུག་ཤིང་མ་བྱས་ན།།
གྲོགས་ན་ཟླའི་དཔུང་གདང་འཐོར་རབས་མེད།།
ཨ་རོག་སྤུན་ཟླ་ཚོ།
སེམས་བསམ་བློ་ཡོད་པའི་བུ་ཡིན་ན།།
རུ་སྡེ་བ་མ་དཀྲུག་ཕ་བཟང་བུ།།
ཁྱིམ་གཅིག་ལ་འཛོམས་པའི་བཟའ་ཚང་ཚོ།།
སེམས་བསམ་པའི་འདང་བརྩེ་རང་འགྲུབ་རེད།།
ཚིག་རྩུབ་མོའི་བར་ཆད་མེད་གྱུར་ན།།
སེམས་བསམ་པའི་འདང་བརྩེ་ཡལ་རབས་མེད།།
ཨ་རོགས་སྤུན་ཟླ་ཚོ།
སེམས་བསམ་བློ་ཡོད་པའི་བུ་ཡིན་ན།།
ཚིག་རྩུབ་མོ་མ་བཤད་ཕ་བཟང་བུ།།
ཨ་རོགས་སྤུན་ཟླ་ཚོ།
སེམས་བསམ་བློ་ཡོད་པའི་བུ་ཡིན་ན།།
ཚིག་རྩུབ་མོ་མ་བཤད་ཕ་བཟང་བུ།།