编曲 : 泽旺拉姆
རྟེན་འབྲེལ་བཟང་པོ།
ཚིག སྒྲུབ་བསོད་ནམས་ཚེ་རིང་།
དབྱངས། བཀྲ་ཤིས་དཔལ་ལྡན།
གཞས་གཏོང་མཁན། ཚེ་དབང་ལྷ་མོ། བཀྲ་ཤིས་དཔལ་ལྡན།
ཡིག་སྒྱུར། འདན་དབང་ཆེན་སེངྒེ།
ཇུས་འགོད། ཧོར་བྲག་སྲས།
བསྭོ།
དེ་རིང་རྟེན་འབྲེལ་བཟང་པོ།
ཡར་ལ་ལྟོས་དང་།
གསེར་གྱི་ཉི་མ།
གསེར་གྱི་རི་ནས་ཤར་ཡོད།
དེ་རིང་རྟེན་འབྲེལ་བཟང་པོ།
བསྭོ།
གནམ་ལ་ཉི་མ་ཡག་ལེ།
དེ་རིང་རྟེན་འབྲེལ་བཟང་པོ།
ཉི་མས་ཉི་གུར་ཕུབ་དུས།
མགོ་ནག་མི་ཡི་སེམས་པ་ཉི་མས་དྲོས་བྱུང་།
མི་སེམས་ཉི་མས་དྲོས་ཡོད།
མི་ངོ་ཉི་མ་ཤར་ཡོད།
རྟེན་འབྲེལ་བཟང་པོ།
བསྭོ།
དེ་རིང་རྟེན་འབྲེལ་བཟང་པོ།
ཕར་ལ་ལྟོས་དང་།
གསེར་གྱི་གཟིམ་ཆུང་།
གཟིམ་ཆུང་ཉི་མས་དྲོས་ཡོད།
དེ་རིང་རྟེན་འབྲེལ་བཟང་པོ།
བསྭོ།
ས་ལ་དུས་ཚོད་བཟང་ལེ།
དེ་རིང་རྟེན་འབྲེལ་བཟང་པོ།
གཟིམ་ཆུང་ཉི་མས་དྲོ་དུས།
སྐྱེ་འགྲོ་མི་ཡི་བསོད་ནམས་གཡང་ལ་འཛོམས་བྱུང་།
ཕྱི་ལ་རྒྱུ་ནོར་འཛོམས་ཡོད།
ནང་ལ་ཕ་མ་བཞུགས་ཡོད།
རྟེན་འབྲེལ་བཟང་པོ།
བསྭོ།
དེ་རིང་རྟེན་འབྲེལ་བཟང་པོ།
ཕར་ལ་ལྟོས་དང་།
གསེར་གྱི་གཟིམ་ཆུང་།
གཟིམ་ཆུང་ཉི་མས་དྲོས་ཡོད།
དེ་རིང་རྟེན་འབྲེལ་བཟང་པོ།
བསྭོ།
ས་ལ་དུས་ཚོད་བཟང་ལེ།
དེ་རིང་རྟེན་འབྲེལ་བཟང་པོ།
གཟིམ་ཆུང་ཉི་མས་དྲོ་དུས།
སྐྱེ་འགྲོ་མི་ཡི་བསོད་ནམས་གཡང་ལ་འཛོམས་བྱུང་།
ཕྱི་ལ་རྒྱུ་ནོར་འཛོམས་ཡོད།
ནང་ལ་ཕ་མ་བཞུགས་ཡོད།
རྟེན་འབྲེལ་བཟང་པོ།
ཕྱི་ལ་རྒྱུ་ནོར་འཛོམས་ཡོད།
ནང་ལ་ཕ་མ་བཞུགས་ཡོད།
རྟེན་འབྲེལ་བཟང་པོ།