编曲 : 比如扎西音乐圈
ཕ་མའི་བྱིན་རླབས།
ཚིག མྱི་ཀླད།
གདངས། བེ་རི་རང་གྲོལ།
ལེན་མཁན། བཀྲ་ཤིས་དཔལ་མོ།
ཕ་མ་ཡོད་པས་འཁོར་བ་སྐྱིད་པོ་ཡིན།
ཕ་མ་ཡོད་པས་འཇིག་རྟེན་དཀར་པོ་ཡིན།
ཕ་མ་ཡོད་པས་ནམ་ཟླ་དབྱར་ཁ་ཡིན།
ཕ་མ་ཡོད་པས་སྣང་བ་བསོར་མོ་ཡིན།
ཕ་མ་ཡོད་པས་ང་ལ་ཐམས་ཅད་ཡོད།
ཕ་མ་ཡོད་པས་བུ་མོ་འཚེངས་ནས་ཡོད།
ལྷད་མེད་འཛུམ་ཆུང་བུ་མོའི་གདོང་ལ་ཡོད།།
འཇམ་པོའོ་སྐད་ཆ་བུ་མོའི་ངག་ན་ཡོད།།
དྲང་མོའི་རྒྱུ་འབྲས་བུ་མོའི་ཁོག་ན་ཡོད།།
ཕ་མ་ཡོད་པས་ང་ལ་ཐམས་ཐམས་ཅད་ཡོད།།
ཐམས་ཅད་ཡོད་པ་ཕ་མའི་ཐུགས་རྗེ་ཡིན།།
ཐམས་ཅད་ཡོད་པ་ཕ་མའི་བྱིན་རླབས་ཡིན།།
ཐམས་ཅད་ཡོད་པ་ཕ་མའི་་སེམས་བསྐྱེད་ཡིན།།
ཐམས་ཅད་ཡོད་པ་ཕ་མའི་བཀའ་དྲིན་ཡིན།།
བཀའ་དྲིན་ཅན་གྱི་ཕ་མ་ཁྲི་ལོ་ཤོག
歌词滚动者:比如扎西