编曲 : 源头音符
源头音符推广宣传
ཨ་ཞང་ལོ་ལོ།
གངས་ཕྲུག་དཔལ་ལྡན།
ཨ་ཞང་ལོ་ལོ། ཡར་ལྟོས་དང་རི་ཞིག་རིག་རྒྱུ་འདི། ཨ་ཞང་ལོ་ལོ།
རི་མཐོན་པོ་གཉན་ཆེན་ཐང་ལ་རེད། ཨ་ཞང་ལོ་ལོ།
ཨ་ཞང་ལོ་ལོ། རི་འདི་ཚོ་བསྟོད་ན་དབུ་འཕུང་མཐོ། ཨ་ཞང་ལོ་ལོ།
ཕོ་དགྲ་ལྷ་ཅན་གྱི་བླ་རི་རེད། ཨ་ཞང་ལོ་ལོ།
******
ཨ་ཞང་ལོ་ལོ། མར་ལྟོས་དང་མཚོ་ཞིག་ཡོད་ནོ་འདི། ཨ་ཞང་ལོ་ལོ།
མཚོ་ཆེན་པོ་གནམ་མཚོ་ཕྱུག་མོ་རེད། ཨ་ཞང་ལོ་ལོ།
ཨ་ཞང་ལོ་ལོ། མཚོ་འདི་ཚོ་མཆོད་ན་ཕྱ་གཡང་འཁོར། ཨ་ཞང་ལོ་ལོ།
མི་བསོད་ནམས་ཅན་གྱི་བླ་མཚོ་རེད། ཨ་ཞང་ལོ་ལོ།
******
ཨ་ཞང་ལོ་ལོ། ཕར་ལྟོས་དང་མཁར་ཞིག་རིག་རྒྱུ་འདི། ཨ་ཞང་ལོ་ལོ།
མཁར་གྲུ་འཛིན་ཕོ་བྲང་དམར་པོ་རེད། ཨ་ཞང་ལོ་ལོ།
ཨ་ཞང་ལོ་ལོ། མཁར་འདི་ཚོ་མཇལ་ན་བྱིན་རླབས་འབྱུང། ཨ་ཞང་ལོ་ལོ།
ཚེ་འདི་ཕྱི་གཉིས་ཀྱི་མཆོད་གནས་རེད། ཨ་ཞང་ལོ་ལོ།
ཚེ་འདི་ཕྱི་གཉིས་ཀྱི་མཆོད་གནས་རེད། ཨ་ཞང་ལོ་ལོ།