作曲 : 南木卡
编曲 : 胡晓流
ཆང་བུམ་གསེར་གྱི་ཁ་རྒྱན།
ཚིག ཚེ་རིང་བཀྲ་ཤིས།
དབྱངས། ཉི་མའི་བུ་རྒྱུད།
ལེན་མཁན། པད་མཚོ།
ཆང་བུམ་གསེར་གྱི་ཁ་རྒྱན།
ལྷ་ཆུ་བསིལ་མའི་རྟེན་སྐལ།
མཆོད་པ་ལན་གསུམ་འཕང་ན།
ལྷ་ཡི་སྡོང་གྲོགས་མཛད་ལེ།
གཅིག གཉིས། གསུམ། བཞི།
བཀྲ་ལ་ཤིས་པའི་མཆོད་ཆང་།
གཙང་བཞེས་མཉེས་དག་གནོངས་དང་།
བསམ་པ་ལྷུན་གྱིས་འགྲུབ་ཡོང་།
ཆང་བུམ་དངུལ་གྱི་ཨ་ལོང་།
བདུད་རྩི་ཀླུ་ཡི་ནོར་གཡང་།
མཆོད་པ་ལན་གསུམ་འཕང་ན།
འབྱོར་བའི་བང་མཛོད་ལྟེམས་ལེ།
གཅིག གཉིས། གསུམ། བཞི།
བཀྲ་ལ་ཤིས་པའི་མཆོད་ཆང་།
གཙང་བཞེས་མཉེས་དག་གནོངས་དང་།
ལོངས་སྤྱོད་ཕྱྭ་གཡང་འཁོར་ཡོང་།
ཆང་བུམ་དུང་གི་འབྲུག་རིས།
འགྲོ་བ་མི་ཡི་ཚེ་ཆང་།
མཆོད་པ་ལན་གསུམ་འཕང་ན།
བློ་དང་རིག་པ་གསལ་ལེ།
གཅིག གཉིས། གསུམ། བཞི།
བཀྲ་ལ་ཤིས་པའི་མཆོད་ཆང་།
གཙང་བཞེས་མཉེས་དག་གནོངས་དང་།
ཚེ་དང་བསོད་ནམས་འཕེལ་ཡོང་།