༼མུན་སེལ་གྱི་སྒྲོན་མེ།༽
ཚིག མགོ་ལོག་བརྒྱངས་དཀྲོལ།
དབྱངས། སྒོ་མེ་དབང་རྡོ།
ལེན་མཁན། པད་མཚོ།
ནང་སྔ་མོ་ཞོགས་པའི་སྐྱ་རེངས་གསལ་དུས། །
ཕྱག་ཁྲིད་དེབ་བཟུང་ནས་ལམ་ལ་ཆས་དགོས། །
ཆར་ཟིལ་མས་ལྭ་བའི་ཕྱི་ནང་སྦང་རུང་། །
སེམས་བསམ་པ་སློབ་རའི་གླིང་ལ་འཁོར་ཡོད། །
ཨ་་་་་དགེ་རྒན་ལགས། ཤེས་རིག་གི་འོད་སྣང་།
མུན་སེལ་གྱི་སྒྲོན་མེ།
ཉིན་རེ་རེའི་བསླབ་བྱའི་བཀའ་གསུང་ཟབ་མོས། །
ཚེ་གཅིག་གི་མི་ཚེའི་ཁ་ཕྱོགས་བསྟན་ཡོད། །
ཐུན་རེ་རེའི་ཤེས་བྱའི་མཛུབ་སྟོན་འོག་ནས། །
བློ་རྨོངས་པའི་མུན་པ་གཞི་ནས་སེལ་ཡོད། །
ཨ་་་་་་་དགེ་རྒན་ལགས། ཁྱེད་ནི་ཤེས་རིག་གི་འོད་སྣང།
ཨ་་་་་་དགེ་རྒེན་ལགས། ཁྱེད་ནི་མི་མུན་སེལ་གྱི་སྒྲོན་མེ།
དགུན་ཁ་བ་བུ་ཡུག་འཚུབ་མའི་ཁྲོད་ནས། །
ལོ་ཟླ་བའི་འཕེལ་རིམ་ཐོད་ལ་འབྲི་མཁན། །
ལུས་ལང་ཚོ་གཞན་ལ་འབུལ་བའི་དཔའ་བོ།
རྒན་ལྷག་བསམ་ཅན་ཚོ་ཚེ་རིང་ལོ་བརྒྱ། །
ཨ་་་་་་དགེ་རྒན་ལགས། ཁྱེད་ནི་ཤེས་རིག་གི་འོད་སྣང་།
ཨ་་་་་་དགེ་རྒན་ལགས། ཁྱེད་ནི་མི་མུན་སེལ་གྱི་སྒྲོན་མེ།