作词 : 扎古尊者尖措
作曲 : 洛萨
ཟད་ན་ཟད་ནི་ཆོག་པ།།
བྱུ་རུ་དམར་ཆུང་ཟད་ཆོག།
མི་ཟད་རང་དབང་ཡོད་ན།།
རྒྱུན་ཐག་ཟད་པ་མ་གནང་།།
མི་ཟད་རང་དབང་ཡོད་ན།།
རྒྱུན་ཐག་ཟད་པ་མ་གནང་།།
བྱུ་རུ་དམར་ཆུང་ཟད་ན།།
རིན་ཐང་དེ་ལས་ལྷག་གོ།
རྒྱུན་ཐག་ཕྲ་མོ་ཟད་ན།།
བྱུ་རུའི་ཕྲེང་བ་འཐོར་འགྲོ།
རྒྱུན་ཐག་ཕྲ་མོ་ཟད་ན།།
བྱུ་རུའི་ཕྲེང་བ་འཐོར་འགྲོ།
འཐོར་ན་འཐོར་ནི་ཆོག་པ།།
སྡོང་མགོའི་བྱེའུ་ཁྱུ་འཐོར་ཆོག།
མི་འཐོར་རང་དབང་ཡོད་ན།།
བྱེའུ་ཚང་འཐོར་བ་མ་གནང་།།
མི་འཐོར་རང་དབང་ཡོད་ན།།
བྱེའུ་ཚང་འཐོར་བ་མ་གནང་།།
སྡོང་མགོའི་བྱེའུ་ཁྱུ་འཐོར་ན།།
རང་རང་འཕུར་ལམ་བསྙེག་འགྲོ།
བྱེའུ་ཚང་དྲོན་མོ་འཐོར་ན།།
བྱེའུ་ཕྲུག་དམར་རྗེན་འཁེང་འགྲོ།
བྱེའུ་ཚང་དྲོན་མོ་འཐོར་ན།།
བྱེའུ་ཕྲུག་དམར་རྗེན་འཁེང་འགྲོ།
འཁང་ན་འཁང་ནི་ཆོག་པ།།
རྒྱ་ལྕང་ལོ་མ་འཁང་ཆོག།
མི་འཁང་རང་དབང་ཡོད་ན།།
བཙུགས་པའི་སྡོང་པོ་མ་འཁང་།།
མི་འཁང་རང་དབང་ཡོད་ན།།
བཙུགས་པའི་སྡོང་པོ་མ་འཁང་།།
ལོ་མ་ལྗང་མོ་འཁང་ཡང་།།
སང་ལོ་མྱུ་གུ་འབུས་ཡོང་།།
བཙུགས་པའི་སྡོང་པོ་འཁང་ན།།
ཟད་མེད་ལས་འཕྲོ་ཟད་འགྲོ།།
བཙུགས་པའི་སྡོང་པོ་འཁང་ན།།
ཟད་མེད་ལས་འཕྲོ་ཟད་འགྲོ།།
发行 : 星沄洲唱片