作词 : 居.尕桑
作曲 : 阿曲·达百
རོང་གི་ཨ་ཅེ་དུང་ལུ་སྒྲོན(སྒྲོལ)། །
རྩེད་ཀིན་རྩེད་ཀིན་དུང་ལོ་བཏུས། །
དུང་ལོ་བཏུས་ནས་དུང་འཇོར་བཀུག །
དུང་འཇོར་བཟུང་ནས་དུང་ནས་བཏབ། །
སྦྲང་དཀར་རྩམ་པ་དུང་དང་འདྲ། །
སྐུ་རྒྱལ་བོད་ལ་དུང་ལས་ལྷག །
འབྲོག་གི་ཨ་ཅེ་དངུལ་ལུ་སྒྲོན(སྒྲོལ)། །
རྩེད་ཀིན་རྩེད་ཀིན་དངུལ་ལོ་བཏུས།
དངུལ་ལོ་བཏུས་ནས་དངུལ་ཐག་བསྒྲིམས། །
དངུལ་ཐག་རྒྱུད་ལ་དངུལ་ལུག་བསྟར། །
གཡང་དཀར་ལུག་ཆུང་དངུལ་དང་འདྲ། །
སྐུ་རྒྱལ་བོད་ལ་དངུལ་ལས་ལྷག །
བོད་ཀྱི་ཨ་ཅེ་གསེར་ལུ་སྒྲོན(སྒྲོལ)། །
རྩེད་ཀིན་རྩེད་ཀིན་གསེར་ལོ་བཏུས།
གསེར་ལོ་བཏུས་ནས་གསེར་ཤོག་བརྡུངས། །
གསེར་ཤོག་སྟེང་ལ་གསེར་ཡིག་བྲིས། །
དབྱངས་གསལ་ཡི་གེ་གསེར་དང་འདྲ། །
སྐུ་རྒྱལ་བོད་ལ་གསེར་ལས་ལྷག །