༡.གོས་ཚ་རུ་གདང་ལ་ཡོད་ནི་ཚོ།།
གན་གདང་ནས་མ་བསྐྱུར་གྱོན་གི་སྡོད།།
གན་གྱོན་གི་སྐལ་བ་ལྡན་ནི་རེད།།
༢.གཡུ་བྱུ་རུ་ཁེས་ན་ཡོད་ནི་ཚོ།།
གན་ཁེས་ནས་མ་བསྐྱུར་འདོགས་གི་སྡོད།།
གན་འདོགས་གི་སྐལ་བ་ལྡན་ནི་རེད།།
༣.གླུ་ཁ་མཚར་ཁོག་ན་ཡོད་ནི་ཚོ།།
གན་ཁོག་ནས་མ་བསྐྱུར་ལེན་གི་སྡོད།།
གན་ལེན་གི་སྐལ་བ་ལྡན་ནི་རེད།།