༡.གྲལ་གོང་མ་བསྡད་ན་གོས་གདན་བཏིང་།།
གོས་རི་མོ་མི་གཅིག་ལན་གསུམ་བཏིང་།།
དེའི་སྟེང་གི་བླ་མ་ཁྲི་ལ་བཞུགས།།
༢.གྲལ་བར་མ་བསྡད་ན་ཕྲུག་གདན་བཏིང་།།
ཕྲུག་ཐིག་ལེ་མི་གཅིག་ལན་གསུམ་བཏིང་།།
དེའི་སྟེང་གི་དབོན་དང་དཔོན་པོ་བསྡད།།
༣.གྲལ་ཞོལ་མར་བསྡད་ན་པག་གདན་བཏིང་།།
བལ་ཁ་ཆུ་མི་གཅིག་ལན་གསུམ་བཏིང་།།
དེའི་སྟེང་དུ་དྲིན་ཆེན་ཕ་མ་བསྡད།།