༡.གངས་དཀར་པོ་མཆོད་རྟེན་བཞེངས་འདྲ་བོ།།
ཡར་བལྟས་ན་རྨ་ཆེན་གངས་རི་རེད།།
བོད་ཁ་བ་ཅན་གྱི་བླ་རི་རེད།།
༢.གོས་ལྗང་སྨུག་ཐང་ལ་བཏིངས་འདྲ་བོ།།
ཡར་བལྟས་ནས་འབྲོང་གི་རྩྭ་ཐང་རེད།།
བོད་ཁ་བ་ཅན་གྱི་ཕ་ས་རེད།།
༣.དར་དཀར་པོ་ཆུ་ལ་བཏིངས་འདྲ་བོ།།
ཡར་བལྟས་ན་རྨ་ཆུ་འབྲི་ཆུ་རེད།།
བོད་ཁ་བ་ཅན་གྱི་འཐུང་ཆུ་རེད།།