༡.རི་ཡག་པ་རྒས་རྒྱུ་མེད་ཀི་བསམ།།
རི་ཡག་པ་རྒས་རྒྱུ་ཡོད་ཀི་མོ།།
རྩྭ་དཀར་པོ་ལོག་དུས་རྒས་ནི་རེད།།
༢.ཆུ་གཙང་པོ་རྒས་རྒྱུ་མེད་ཀི་བསམ།།
ཆུ་གཙང་པོ་རྒས་རྒྱུ་ཡོད་ཀི་མོ།།
ཆུ་དར་དཀར་ཆགས་དུས་རྒས་ནི་རེད།།
༣.ཡུལ་ཕ་མ་རྒས་རྒྱུ་མེད་ཀི་བསམ།།
ཡུལ་ཕ་མ་རྒས་རྒྱུ་ཡོད་ཀི་མོ།།
སྐྲ་དཀར་པོ་ལོག་དུས་རྒས་ནི་རེད།།