作词 : 昂青冷智
作曲 : 昂青冷智
编曲 : 昂青冷智
བརྗེད་མེད་ཀྱི་ཁྱོད།
ཚིག དབང་ཆེན་ལྷུན་གྲུབ།
དབྱངས།དབང་ཆེན་ལྷུན་གྲུབ།
གཞས་བ།གཟེ་མ་ར་མགོ་རོལ་ཚོགས།
ཁྱེད་ནི་ང་ཡི་འཇིག་རྟེན་གྱི།
མུན་པ་གཏོར་བའི་ཉི་འོད་དེ།
ནང་སེམས་ཀྱི་ན་ཟུག།
ཡོད་ཚད་ཁྱོད་ཀྱིས་སེལ་ཐུབ།
དུང་བའི་སེམས་འདི་མི་འགྱུར་ཡང་།
ལས་དང་ལམ་དེས་གཏོར་སོང་།
སེམས་ཀྱི་རྦ་རླབས་ལང་ལོང་དུ་གཡོས་ཀྱང་།
འདོད་པའི་ཨ་ལན་མ་གོ།
གནས་གང་དུ་ཐོན་ན་ཡང་།
ལུས་ཟིན་པ་རང་ཁོ་ནའི་རྐང་རྗེས།
རྨི་ལམ་དུ་འཁོར་བ།
ཁྱེད་ཀྱི་ཞལ་རས་ཡིན་སོང་།
འདས་ཟིན་པའི་ཉིན་ཞག་ཁྲོད་ན།
ནང་སེམས་ཁྱེད་ཀྱིས་བཟུང་ཡོད།
བོར་ཟིན་པའི་ལང་ཚོ།
འཁྱག་ཟིན་པའི་སྙིང་ཆུང་།
བརྩེ་བས་ཡོངས་སུ་བོར་འདྲ།
སྙིང་གི་བུ་མོ།
སེམས་ཀྱི་ལྷ་མོ།
བརྩེ་བ་མཚོ་ལས་ཟབ་ཀྱང་།
མུན་པས་བསྒྲིབས་སོང་།
ཆར་བ་བབས་བྱུང་།
ཁྱེད་རང་ཡེ་ནས་མཐོང་རྒྱུ་མ་བྱུང་།
སྙིང་ཉེ་ལགས།
solo~
གནས་གང་དུ་ཐོན་ན་ཡང་།
ལུས་ཟིན་པ་རང་ཁོ་ནའི་རྐང་རྗེས།
རྨི་ལམ་དུ་འཁོར་བ།
ཁྱེད་ཀྱི་ཞལ་རས་ཡིན་སོང་།
འདས་ཟིན་པའི་ཉིན་ཞག་ཁྲོད་ན།
ནང་སེམས་ཁྱེད་ཀྱིས་བཟུང་ཡོད།
བོར་ཟིན་པའི་ལང་ཚོ།
འཁྱག་ཟིན་པའི་སྙིང་ཆུང་།
བརྩེ་བས་ཡོངས་སུ་བོར་འདྲ།
སྙིང་གི་བུ་མོ།
སེམས་ཀྱི་ལྷ་མོ།
བརྩེ་བ་མཚོ་ལས་ཟབ་ཀྱང་།
མུན་པས་བསྒྲིབས་སོང་།
ཆར་བ་བབས་བྱུང་།
ཁྱེད་རང་ཡེ་ནས་མཐོང་རྒྱུ་མ་བྱུང་།
སྙིང་ཉེ་ལགས།