作曲 : 昂青冷智
编曲 : 昂青冷智
ལམ
ཚིག ཁྱུང་བཟང་།
དབྱངས།དབང་ཆེན་ལྷུན་གྲུབ།
ལེན་མཁན།གཟེ་མ་ར་མགོ་རོལ་ཚོགས།
ཀྱེ་མ་ང་འདི་གང་ནས་ཡོང་།
ད་ནི་ང་རང་གང་ལ་འགྲོ།
ཚེ་ཟེར་བ་འདི།
ལམ་ཟེར་བ་འདི།
གང་ནས་གང་ལ་བསྲིངས་ཡོད།
ལ་རེ་བརྒྱབ་ན་ཐུར་རེ་མཆིས།
ཆུ་རེ་བརྒལ་ན་རབ་རེ་འདུག།
ལམ་རྙེད་རྒྱུ་དེ།
མཐའ་འཕུད་རྒྱུ་དེ།
ཚང་མས་བཤད་ན་དཀའ་རབས་ཟེར།
མདུན་དུ་སྤོས་པའི་གོམ་ཁར།
བཟང་དང་ངན་གྱི་རྣམ་བཞག་གང་གིས་བཤད།
རྒྱུ་ས་བོན་ཅི་བཏབ་ན།
ལས་འབྲས་བུ་དེ་སྨིན་པ།
བདེན་པའི་རང་བཞིན་མ་ཡིན་ནམ།
ཡིད་གཉིས་ཐེ་ཚོམ་ཅི་ལ་དགོས།
འགྲིག་དང་མི་འགྲིག་ལས་ཀྱི་འབྲས་བུས་བྱེད།
དུས་ནམ་ཟླ་འགྱུར་ན་ཡང་།
ཉི་མ་ཤར་མིན་ལ།
སེམས་ཚེགས་བྱེད་དོན་ག་རེ་ཡོད།
solo~
ཀྱེ་མ་ང་འདི་གང་ནས་ཡོང་།
ད་ནི་ང་རང་གང་ལ་འགྲོ།
ཚེ་ཟེར་བ་འདི།
ལམ་ཟེར་བ་འདི།
གང་ནས་གང་ལ་བསྲིངས་ཡོད།
ལ་རེ་བརྒྱབ་ན་ཐུར་རེ་མཆིས།
ཆུ་རེ་བརྒལ་ན་རབ་རེ་འདུག།
ལམ་རྙེད་རྒྱུ་དེ།
མཐའ་འཕུད་རྒྱུ་དེ།
ཚང་མས་བཤད་ན་དཀའ་རབས་ཟེར།
མདུན་དུ་སྤོས་པའི་གོམ་ཁར།
བཟང་དང་ངན་གྱི་རྣམ་བཞག་གང་གིས་བཤད།
རྒྱུ་ས་བོན་ཅི་བཏབ་ན།
ལས་འབྲས་བུ་དེ་སྨིན་པ།
བདེན་པའི་རང་བཞིན་མ་ཡིན་ནམ།
ཡིད་གཉིས་ཐེ་ཚོམ་ཅི་ལ་དགོས།
འགྲིག་དང་མི་འགྲིག་ལས་ཀྱི་འབྲས་བུས་བྱེད།
དུས་ནམ་ཟླ་འགྱུར་ན་ཡང་།
ཉི་མ་ཤར་མིན་ལ།
སེམས་ཚེགས་བྱེད་དོན་ག་རེ་ཡོད།
རྟ་ཕོ་ཡོད་ཀྱང་ཆོག
སྒ་ཆ་མེད་ཀྱང་རུང་།
འགྲོ་འདོད་པའི་ལམ་དེ་ཉིད་ལ་གོམ་པ་སྤོས་ཏེ།
རང་ལམ་རང་གིས་སྙེག།
རང་ངོ་རང་གིས་འཚོལ།
ནམ་ཡང་གཞན་གྱི་གྲིབ་འོག་ནས་འཚོ་དོན་ཅི་ཡོད།
སྣ་ཐུག་གིས་འཐེན་པའི།
ལྕག་ཚན་གྱིས་དེད་པའི།
ཞིང་ཁུག་གི་གླང་རྒན་དེ་གང་ལ་སླེབས་འདུག
རྨིག་སྣེ་ཟད་ཀྱང་།
རྭ་རྩེ་སྒུར་ཡང་།
རྒྱང་རིང་སྔར་བཞིན་རྒྱང་རིང་ན།
མདུན་དུ་སྤོས་པའི་གོམ་ཁར།
བཟང་དང་ངན་གྱི་རྣམ་བཞག་གང་གིས་བཤད།
རྒྱུ་ས་བོན་ཅི་བཏབ་ན།
ལས་འབྲས་བུ་དེ་སྨིན་པ།
བདེན་པའི་རང་བཞིན་མ་ཡིན་ནམ།
ཡིད་གཉིས་ཐེ་ཚོམ་ཅི་ལ་དགོས།
འགྲིག་དང་མི་འགྲིག་ལས་ཀྱི་འབྲས་བུས་བྱེད།
དུས་ནམ་ཟླ་འགྱུར་ན་ཡང་།
ཉི་མ་ཤར་མིན་ལ།
སེམས་ཚེགས་བྱེད་དོན་ག་རེ་ཡོད།