作词 : 昂青冷智
作曲 : 昂青冷智
编曲 : 昂青冷智
ཧེ། གྲོགས་པོ།
ཚིག ཁྱུང་བཟང་། དབང་ཆེན་ལྷུན་གྲུབ།
དབྱངས།དབང་ཆེན་ལྷུན་གྲུབ།
ལེན་མཁན།གཟེ་མ་ར་མགོ་རོལ་ཚོགས།
ཧེ། ང་ཡི་གྲོགས་པོ།
འདས་བའི་ལོ་ཟླ་དེ་དག་ཨེ་དྲན་གི།
ལོ་ངོ་མང་པོ་མང་པོ་ཆུ་ལྟར་བཞུར་ཡང་།
སུས་ཀྱང་མི་ཚོར།
ཧེ། ང་ཡི་གྲོགས་པོ།
མགོ་བོ་ཕྱིར་ལ་མ་འཁོར་མདུན་ལ་ལྟོས།
འདས་བའི་སྐྱོ་དོན་དེ་དག་ཕར་ལ་གཡུགས་ཤིག
རྩ་ནས་གཡུགས་ཞོག
སེམས་ཀྱི་རྨ་ཁ་འདི་སུ་ཞིག་གི་ཆེད།
སྙིང་གི་ནད་འདི་མོ་ཡིས་བཟོས་པ་འདྲ།
ཆར་བའི་ཀློང་ནས།
མུན་པའི་ཁམས་ནས།
ངས་རང་ཉིད་བཙལ་མྱོང་།
སེམས་ཀྱི་སྡུག་ཡུས་འདི་སུ་ཞིག་ལ་བཤད།
ཡིད་ཀྱི་དྲན་པ་འདི་ཡང་སུ་ཡིས་ཤེས།
ལང་ཚོ་ཡི་བཀྲག་མདངས།
རང་དབང་གི་ལོ་ཟླ།
གང་དུ་ཡལ་སོང་།
solo~
ཧེ། ང་ཡི་གྲོགས་པོ།
འདས་བའི་ལོ་ཟླ་དེ་དག་ཨེ་དྲན་གི།
ལོ་ངོ་མང་པོ་མང་པོ་ཆུ་ལྟར་བཞུར་ཡང་།
སུས་ཀྱང་མི་ཚོར།
ཧེ། ང་ཡི་གྲོགས་པོ།
མགོ་བོ་ཕྱིར་ལ་མ་འཁོར་མདུན་ལ་ལྟོས།
འདས་བའི་སྐྱོ་དོན་དེ་དག་ཕར་ལ་གཡུགས་ཤིག
རྩ་ནས་གཡུགས་ཞོག
སེམས་ཀྱི་རྨ་ཁ་འདི་སུ་ཞིག་གི་ཆེད།
སྙིང་གི་ནད་འདི་མོ་ཡིས་བཟོས་པ་འདྲ།
ཆར་བའི་ཀློང་ནས།
མུན་པའི་ཁམས་ནས།
ངས་རང་ཉིད་བཙལ་མྱོང་།
སེམས་ཀྱི་སྡུག་ཡུས་འདི་སུ་ཞིག་ལ་བཤད།
ཡིད་ཀྱི་དྲན་པ་འདི་ཡང་སུ་ཡིས་ཤེས།
ལང་ཚོ་ཡི་བཀྲག་མདངས།
རང་དབང་གི་ལོ་ཟླ།
གང་དུ་ཡལ་སོང་།