作曲 : 昂青冷智
编曲 : 昂青冷智
ཚིག ཁྱུང་བཟང་།
དབྱངས།དབང་ཆེན་ལྷུན་གྲུབ།
གཞས་བ།གཟེ་མ་ར་མགོ་རོལ་ཚོགས།
ས་ཡར་བལྟས་གངས་རིའི་ཞིང་གི།
ཆུ་བཞུར་བཞུར་ཚང་མ་ཆང་ཡིན།
ཆང་བདུད་རྩིའི་ངར་ཁ་ཤོར་ཐལ།
ལྟས་ངན་པ་རང་འཁོར་རྒྱག་གི།
ཕར་བལྟས་ན་ལུང་གོང་མའི་ནང་གི།
རྩ་ལྗང་སྐྱེས་སྐྱེས་ཚང་མ་སྨན་ཡིན།
སྨན་དྲི་བཟང་རོ་ནུས་ཉམས་ཐལ།
ནད་ངན་པ་རང་འཁོར་རྒྱག་གི།
ས་མར་བལྟས་ཞིང་སའི་གཞུང་གི།
འབྲུ་སྐྱེས་སྐྱེས་ཚང་མ་ཟས་ཡིན།
ཟས་ཞིམ་པོའི་བྲོ་བ་ནོགས་ཐལ།
རྫས་ངན་པ་རང་འཁོར་རྒྱག་གི།
solo~
ས་ཡར་བལྟས་གངས་རིའི་ཞིང་གི།
ཆུ་བཞུར་བཞུར་ཚང་མ་ཆང་ཡིན།
ཆང་བདུད་རྩིའི་ངར་ཁ་ཤོར་ཐལ།
ལྟས་ངན་པ་རང་འཁོར་རྒྱག་གི།
ཕར་བལྟས་ན་ལུང་གོང་མའི་ནང་གི།
རྩ་ལྗང་སྐྱེས་སྐྱེས་ཚང་མ་སྨན་ཡིན།
སྨན་དྲི་བཟང་རོ་ནུས་ཉམས་ཐལ།
ནད་ངན་པ་རང་འཁོར་རྒྱག་གི།
ས་མར་བལྟས་ཞིང་སའི་གཞུང་གི།
འབྲུ་སྐྱེས་སྐྱེས་ཚང་མ་ཟས་ཡིན།
ཟས་ཞིམ་པོའི་བྲོ་བ་ནོགས་ཐལ།
རྫས་ངན་པ་རང་འཁོར་རྒྱག་གི།